ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྙན་ཞུ་འཆར་འགོད།
༄༅།།པདྨ་རྫོང་རྩྭ་ཐང་སྐྱེ་ཁམས་ཁ་གསབ་སྒྲིག་གཞིའི་ཞིབ་འཇུག་བརྟག་དཔྱད་སྙན་ཞུ།
འབྱུང་ཁུངས།: 2012/8/11 11:45:06

      ༄༅།།པདྨ་རྫོང་རྩྭ་ཐང་སྐྱེ་ཁམས་ཁ་གསབ་སྒྲིག་གཞིའི་ཞིབ་འཇུག་བརྟག་དཔྱད་སྙན་ཞུ།

      གཅིགརྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་གཞི་ལག་བསྟར་བྱས་པའི་གནས་ཚུལམདོར་བསྡུས།

      པདྨ་རྫོང་ཁུངས་སུ་ཞང་9གྲོང་རྡལདང་སྡེ་བ 32ཡོད་པ་དང་།   2009ལོར་ཞིང་སྡེ་ཡོངས་ལ་ཁྱིམ་ཚང་5064ཡོད།   དེའི་ཁྲོད་དུ་འབྲོག་པའི་ཁྱིམ་ཚང 3963དང་ཞིང་མ་འབྲོག་གི་ཁྱིམ་ཚང 1101ཡོད་པ་དེར་རོང་འབྲོག་མང་ཚོགས་སྡོམ་པས་མི 21046ཡོད།   རྫོང་ཡོངས་ཀྱི་རང་བྱུང་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི 733.2 7ཡོད་པ་དང་།   བཀོལ་སྤྱོད་བྱེད་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི 677.2 6ཡོད།   མགོ་ལོག་ཁུལ 2011ལོའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་གཞི་ལག་བསྟར་བྱེད་ཐབསལྟར།   པདྨ་རྫོང་རྩྭ་ས་བཀག་འགོག་རྒྱ་ཁྱོན་མུའུ་ཁྲི 228ཡོད་པ་དང་རྩྭ་ཕྱུགས་དོ་མཉམ་བྱ་དགའི་རྒྱ་ཁྱོན་མུའུ་ཁྲི 449.3 ཡོད་དེ།   ཕྱུགས་བཀག་རྩྭ་ས་མུའུ་རེའི་ཁ་གསབ་ནི་སྒོར་9དང་རྩྭ་ཕྱུགས་དོ་མཉམ་མུའུ་རེར་ཁ་གསབ་སྒོར1.5 ཡིན་ལ།   ཚད་བརྒལ་གྱི་ཕྱུགས་ཟོག་ལུག་ལྟར་རྩིས་ན་ཁྲི9.7 8ཇེ་ཉུང་དུ་བཏང་བ་དང་།   ལོ་དུ་མང་ལ་སྐྱེས་པ་དང་ལོ་དེར་སྐྱེས་པའི་སོན་བཟང་ཕྱུགས་རྩྭ་སོ་སོར་མུའུ་རེར་ཁ་གསབ་སྒོར་ཁྲི1ཡོད་པ་དང་།   ལོ་དུ་མང་ལ་སྐྱེས་པའི་མིའི་བཟོས་རྩྭ་ས་སྐོར་ཐེངས་གཅིག་ལ་མུའུ་རེར་སྒོར་50དང་།   ལོ་རེའི་ནང་སྐྱེས་པའི་རྩྭ་སར་མུའུ་རེར་སྒོར 10ཡི་ཁ་གསབ་ཡོད།   ཕྱུགས་རྒྱུད་སྤེལ་བའི་ཕོ་ཕྱུགས་དང་ཁྲོམ་ལ་ཁ་གསབ་སྟེར་བ་དང་།   དེའི་ཚད་གཞི་ནིམཚོ་སྔོན་ཞིང་ཆེན་2011ལོའི་སྤུས་ལྡན་ཕྱུགས་རྒྱུད་ལག་བསྟར་བྱེད་ཐབསལྟར་ལག་བསྟར་བྱེད་རྒྱུ།འབྲོག་ཁྱིམ 3963  (2009ལོའི་སྡོམ་རྩིས)ལ་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་བྱེད་པ་དང་།   ཁྱིམ་ཚང་རེར་ལོ་རེར་སྒོར 500ཁ་གསབ་བྱས་ལ།   སྡོམ་པས་སྒོར་ཁྲི 2984.1 ཁ་གསབ་བྱ་དགར་བྱིན་ལ།ཚང་མ་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་བྱིན་པ་ཡིན།དེའི་ཁྲོད་དུ་ཕྱུགས་བཀག་ཁ་གསབ་སྒོརཁྲི 2052དང་།   ཕྱུགས་རྩྭ་དོ་མཉམ་བྱ་དགའ་སྒོར་ཁྲི 673.9 5།ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་སྒོར་ཁྲི 198.1 5།   ཕྱུགས་རྩྭ་སོན་བཟང་ཁ་གསབ་སྒོར་ཁྲི 60བྱིན།

       པདྨ་རྫོང་2011ལོའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་གཞི་ལག་བསྟར་བྱེད་ཐབསདེ་2012ལོའི་ཟླ5བའི་ནང་ཁུལ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་གཞི་མགོ་ཁྲིད་ཚོ་ཆུང་གིས་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད།   རྫོང་སྲིད་གཞུང་གིས་མཆན་འགོད་ལག་བསྟར་བྱས་པ་དང་།   ཞང་དང་གྲོང་རྡལ་སོ་སོས་ཞིབ་ཕྲའི་ལག་བསྟར་བྱེད་ཐབས་གཏན་འཁེལ་བྱས་ཏེ།   མིག་སྔར་འབྲོག་ཁྱིམ་བརྡ་འཕྲིན་བསྡུ་ལེན་བྱེད་བཞིན་པའི་སྒང་ཡིན།

གཉིས།   བླངས་ཟིན་པའི་ཕན་འབྲས་དང་ཉམས་མྱོང་།  

གཅིག་ནས་རྩྭ་ཐང་ཁྱིམ་ཚང་འགན་ལེན་ཚད་ལྡན་དུ་བཏང་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་གཞི་ལག་བསྟར་བྱེད་པར་རྨང་གཞི་བཏང་བ།གཉིས་ནས་རྩྭ་ཐང་སྐྱེ་ཁམས་འཛུགས་བསྐྲུན་ཕན་འབྲས་མངོན་གསལ་ཡིན།གསུམ་ནས་རྩྭ་ཐང་ཕྱུགས་ལས་ཐོན་སྐྱེད་རྣམ་པ་བཅོས་སྒྱུར་བྱས་པ་ཡིན།

གསུམ།   བྱེད་ཐབས་གཙོ་བོ།

(གཅིག)   རྩ་འཛུགས་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་འགན་འཁྲིའི་དམིགསའབེན་གཏན་འཁེལ་བྱས་པ།

(གཉིས) དྲིལ་བསྒྲགས་སྐུལ་སློང་བྱས་ནས་ལས་བྱེད་མང་ཚོགས་ཀྱི་བསམ་བློ་གཅིག་གྱུར་བྱས་པ།

(གསུམ) གོམ་གང་མདུན་སྤོས་ཀྱིས་རྩྭ་ཐང་འགན་ལེན་བྱ་བ་འཐུས་ཚང་བྱས་ནས་དངོས་ཡོད་ཟུང་འབྲེལ་གྱིས་ལས་སྔོན་ཞིབ་འཇུག་བྱས་བ་ལེགས་སྒྲུབ་བྱས་པ།

(བཞི)  རྩྭ་སར་ཕྱུགས་རིགས་ཤོང་ཚད་དཔྱད་རྩིས་གཏན་འཁེལ་བྱས་པ།

(ལྔ)   འབྲོག་ཁྱིམ་དངོས་ཡོད་གྲངས་ཀ་དཔྱད་རྩིས་བྱས་པ། 

(དྲུག)  དངོས་ཡོད་རྒྱུ་ཆ་འཚོལ་སྡུད་ལེགས་སྒྲིག་བྱས་པ།

(བདུན)  གློག་རྡུལ་ཡིག་ཚགས་དོ་དམ་བྱ་བ་སྒྲུབ་པ།

བཞི།   གནད་དོན་གཙོ་བོ་དང་དཀའ་ཁག།

གཅིག་ནས་རྩྭ་ཐང་འགན་ལེན་བྱ་བ་འཐུས་ཚང་མིན་ཞིང་།   ད་དུང་རྩྭ་ཐང་ཡོངས་རྫོགས་འགན་ལེན་བྱས་ཚར་མེད།

གཉིས་ནས་སྔོན་གྱི་རྩྭ་ཐང་འགན་ལེན་ཁྱིམ་ཚང་གིས་ལོ་30རིང་ལ་འགན་ལེན་བྱས་པས།   ད་ལྟ་ཁྱིམ་ཚང་གི་སྒྲིག་གཞི་དང་ཁྱིམ་མིའི་ཁ་གྲངས་ལ་འགྱུར་ལྡོག་བྱུང་ཡོད།   གལ་ཏེ་སྔར་གྱི་རྩྭ་ཐང་འགན་ལེན་ལྟར་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་གཞི་ལག་བསྟར་བྱས་ན་སྤྱི་ཚོགས་འགལ་བ་བྱུང་ངེས་ཡིན།

གསུམ་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་གཞི་ལག་བསྟར་བྱས་ནས།   རྩྭ་ས་དེ་ཕྱུགས་བཀག་ས་ཁུལ་དང་རྩྭ་ས་ལྟར་ཕྱུགས་རིགས་གཏན་འཁེལ་བྱེད་པའི་ས་ཁུལ་རིགས་གཉིས་སུ་བགར་བས།   འབྲོག་པས་རྩྭ་ས་འགན་ལེན་སྟེང་དུ་དུས་ལྟར་ཕྱུགས་འཚོ་སྐྱོང་བརྗེ་སྤོར་བྱེད་པའི་སྲོལ་རྒྱུན་དང་རྩྭ་ཐང་ཐོན་ཁུངས་ཀྱི་དུས་ཚིགས་རང་བཞིན་གྱི་བཀོད་སྒྲིག་རྣམ་པ་བཅོས་སྒྱུར་བྱས་པ་རེད།   དཔེར་ན་ཁ་གསབ་ཚད་གཞི་དམའ་དྲག་པས་འབྲོག་ཁྱིམ་གྱི་རྒྱུན་ལྡན་འཚོ་བའི་དགོས་མཁོ་ཁ་བསྐང་མི་ཐུབ་པས།   འབྲོག་ཁྱིམ་སྐོར་ཞིག་གིས་ཕྱུགས་ཟོག་གི་ཁ་གྲངས་ཇེ་མང་དུ་གཏོང་བ་དང་རྩྭ་སའི་སྟེང་ཕྱུགས་འཚོ་བའི་དུས་ཡུན་ཇེ་རིང་དུ་བཏང་ནས་ཕྱུགས་འཚོ་བའི་གནད་དོན་དེ་རྩྭ་ས་ལྟར་ཕྱུགས་རིགས་གཏན་འཁེལ་མ་བྱས་སྔོན་དང་བསྡུར་ན་འབུར་ཐོན་ཡིན།

བཞི་ནས་རྗེས་མཐུད་ཐོན་ལས་འཕེལ་རྒྱས་རྗེས་ལུས་ཡིན་པས་ངལ་རྩོལ་ནུས་ཤུགས་ལྷག་མ་སྒྱུར་རྒྱུ་ཅུང་དལ་བ་རེད།   སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཇེ་མང་དུ་འགྲོ་བ་དང་།   རང་རེ་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་ཆུ་ཚད་ཅུང་ཞན་ལ།   སྲོལ་རྒྱུན་གྱི་ཤན་ཤུགས་ཆེ་བས་ཐོན་སྐྱེད་ནུས་ཤུགས་སྒྱུར་བ་དང་ཕྱི་རུ་སོང་ནས་ཞོར་ལས་སྒྲུབ་པའི་རང་འགུལ་མེད།   གལ་ཏེ་ཐོན་སྐྱེད་ནུས་ཤུགས་སྒྱུར་བཅོས་ལེགས་པོ་བྱེད་མ་ཐུབ་ན་སྤྱི་ཚོགས་ཀྱི་འགལ་བ་དང་གནད་དོན་མང་བོ་ཞིག་འབྱུང་ངེས་རེད།

ལྔ་ནས་གོང་རིམ་སྡེ་ཁག་གིས་འབྲོག་པའི་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་སྟེར་སྐབསལྕགས་རི་ཐང་དང་ཡར་ཐང་ཞང་།   དྷི་མདའ་ཞང་གི་ཁྱིམ་ཚང 1101ལ་ས་ཞིང་ཉུང་ངུ་མ་གཏོགས་མེད་པ་དང་།ཁྱིམ་ཚང་གི་ཡོང་སྒོ་གཙོ་བོ་ཕྱུགས་ལས་ཐོན་སྐྱེད་ལ་བརྟེན་པའི་འབྲོག་ཁྱིམ་འདི་དག་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་ཁྱབ་ཁོངས་སུ་བཞག་མེད་པས།   འབྲོག་དམངས་འདི་དག་གིས་སྲིད་ཇུས་ཀྱི་ཁ་གསབ་ལེན་མི་ཐུབ།   དེའི་ཕྱིར་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་གཞི་སྲིད་ཇུས་ལག་བསྟར་ལ་ཤན་ཤུགས་ཐེབས་ངེས་ཡིན།

དྲུག་ནས་རྩྭ་ཐང་ལྟ་ཞིབ་དོ་དམ་དང་རྩྭ་ཐང་ཆེད་ལས་ལག་རྩལ་གྱི་ནུས་པ་ཞན་པ་རེད།   མིག་སྔར་རང་རེའི་རྫོང་ལ་ཞང་རིམ་པའི་རྩྭ་ཐང་ལག་རྩལ་ཞབས་ཞུ་ལས་ཁུངས་མེད་པ་དང་།རྫོང་རྩྭ་ཐང་ལྟ་ཞིབ་དོ་དམ་ས་ཚིགས་དང་རྫོང་རྩྭ་ཐང་ལས་དོན་ས་ཚིགས་ཀྱི་ལས་སྒྲུབ་མི་སྣ་9མ་གཏོགས་མེད་པས།   ད་ཡོད་ཀྱི་མི་སྣས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་གཞི་སོགས་ལས་དོན་བྱ་བ་རྒྱུས་ཡོད་མིན་པས་བྱ་བའི་མྱུར་ཚད་ལ་ཤན་ཤུགས་ཐེབས་པ་རེད།

ལྔ།   བསམ་ཚུལ་དང་བསམ་འཆར།

   གཅིག)  རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་གཞི་བྱ་བའི་དུས་ཡུན་རིང་ཞིང་།   རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་འོས་འགན་ལྕི་བས་རྩྭ་ཐང་ལྟ་ཞིབ་དོ་དམ་སྡེ་ཁག་ཅིག་ཆེད་བརྐོས་བྱས་ཏེ།   དེས་བྱ་བ་འདི་སྒྲུབ་པའི་དགོས་མཁོ་ཆེ་ལ།འབྲེལ་ཡོད་ཀྱི་སྡེ་ཁག་དང་ལག་བསྟར་མི་སྣའི་སྒྲིག་གཞི་འཛུགས་དགོས།

   གཉིས)  རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྒྲིག་གཞིའི་བྱ་བ་མང་བས་མི་ཤུགས་དང་དངོས་ཤུགས།   རྒྱུ་ཤུགས་མང་པོས་རྒྱབ་སྐྱོར་བྱེད་དགོས།

   གསུམ  རྩྭ་ཐང་གི་རྨང་གཞིའི་སྒྲིག་གཞི་འཛུགས་བསྐྲུན་སྟོབས་ཤུགས་མུ་མཐུད་ཇེ་ཆེར་གཏོང་དགོས་ཤིང་།   ལྷག་པར་དུ་རྩྭ་ཐང་རྣམ་གྲངས་སོགས་ཀྱི་ཕྱོགས་ནས་དམིགས་གསལ་བྱིན་ཏེ།   རྫོང་ཡོངས་ཀྱི་ཕྱུགས་ལས་བདེ་ཐང་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱེད་པའི་བསམ་འཆར་བཏོན་པ་ཡིན།

    བཞིསློབ་ཆེན་དང་འབྲིང་རིམ་སློབ་གྲྭའི་རྩྭ་ཐང་དང་ཕྱུགས་ལས་སོགས་ཀྱི་ཆེད་ལས་མི་སྣ་བསྡུ་ལེན་བྱེད་པ་མ་ཟད།   མྱུར་དུ་སྐྱེ་ཁམས་སྲུང་སྐྱོབ་དང་རྩྭ་ཐང་ཆེད་ལས་ལག་རྩལ་མི་སྣ་གསོ་སྦྱོང་བྱས་ནས།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་བསྐྲུན།རྩྭ་ཐང་ཕྱོགས་ཀྱི་ཞབས་ཞུ་ནུས་པ་དང་ཁྲིམས་སྐྱོང་ནུས་པ་མཐོར་འདེགས་སུ་གཏོང་དགོས་པའི་བསམ་འཆར་བཏོན་པ་ཡིན།རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུས

 ཡིག་སྒྱུར་བ། ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས་གཅིག་ཅན་བཞི་ཡི་སྲ 2019/10/7

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།