ལའོ་ཧོང་ལིན། ཕོ། རྒྱ་རིགས། 1973ལོའི་ཟླ2པར་ཀན་སུའུ་རུ་སྐྱེས།
སློབ་གཉེར་བརྒྱུད་རིམ། སློབ་ཆེན་དངོས་གཞི་ཡིན།
ལོ་རྒྱུས་མཚམས་སྦྱོར་མདོར་བསྡུས།
1990ལོའི་ཟླ12པར་ཏང་ནང་ལ་ཞུགས། 1990ལོའི་ཟླ3པར་ལས་ཞུགས་བྱས།
1990ལོའི་ཟླ3ནས1993ལོའི་ཟླ12པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་གསེར་གཏེར་རུ་བྱ་བ་སྒྲུབས།
1994ལོའི་ཟླ1ནས1999ལོའི་ཟླ12པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་ཞིང་ཕྱུགས་ཅུས་གཞུང་ལས་ཁང་གི་ཁོ་ཡོན་ཡིན།
2000ལོའི་ཟླ1ནས2003ལོའི་ཟླ6པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་མདོ་གོང་མ་ཞང་གཞུང་ལས་ཁང་གི་ཁོ་ཡོན་ཡིན། (2000ལོའི་ཟླ4ནས2002ལོའི་ཟླ12པའི་རིང་ལ་མཚོ་སྔོན་ཞིང་ཆེན་
ཏང་ཨུའི་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་དངོས་གཞི་ཆེད་ལས་སློབ་གཉེར་བྱས)
2002ལོའི་ཟླ4ནས2003ལོའི་ཟླ6པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་མདོ་གོང་མ་ཞང་མི་དམངས་དྲག་ཆས་པུའུ་ཀྲང་གི་འགན་བཞེས། (ཁོ་རིམ་པ་གཞོན་པ་ཡིན)
2003ལོའི་ཟླ7ནས2005ལོའི་ཟླ5བའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་མི་དམངས་དྲག་ཆས་པུའུ་ཀྲང་གི་འགན་བཞེས། (ཁོ་རིམ་པ་གཞོན་པ་ཡིན)
2005ལོའི་ཟླ6ནས2007ལོའི་ཟླ5བའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་སྟག་མཁར་ཞང་དམངས་ཆེན་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞིའི་འགན་བཞེས། (ཁོ་རྒན་པའི་རིམ་པ་ཡིན)
2007ལོའི་ཟླ6ནས2009ལོའི་ཟླ3པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་ལྟ་སྐུལ་ཞིབ་བཤེར་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། (ཁོ་རྒན་པའི་རིམ་པ་ཡིན)
2009ལོའི་ཟླ4ནས2012ལོའི་ཟླ7པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་སྟག་མཁར་ཞང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། (ཁོ་རྒན་པའི་རིམ་པ་ཡིན)
2012ལོའི་ཟླ8ནས2016ལོའི་ཟླ8པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་འགྲིམ་འགྲུལ་དང་སྡོད་ཁང་།གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གི་འགན་བཞེས།
2016ལོའི་ཟླ9ནས་ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་པདྨ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དང་རྫོང་འགྲིམ་འགྲུལ་དང་སྡོད་ཁང་།
གྲོང་གསེབ་འཛུགས་སྐྲུན་ཅུས་ཅུས་ཀྲང་གི་འགན་བཞེས་བྱས་ཡོད་ལ།
རྫོང་དཔོན་ལ་གཞོགས་འདེགས་བྱས་ནས་མི་རིགས་ཆོས་ལུགས་དང་ཁོར་ཡུག་སྲུང་སྐྱོབ།
འགྲིམ་འགྲུལ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་འགན་འཁུར་བྱེད་པ་དང་།
བྱེ་བྲག་ཏུ་མིི་རིགས་ཆོས་ལུགས་ལས་དོན་ཅུས་དང་ནང་བསྟན་མཐུན་ཚོགས།
འགྲིམ་འགྲུལ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་ལ་འགན་བཞེས་བྱས་ཡོད།