ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > གསར་འགྱུར་ཟིན་ཐོ།
པདྨ་རྫོང་གི་བཙུན་མའི་བཀོད་སྒྲིག་ས་ཚིགས་སུ་གཞོན་ནུའི་ཁྱིམ་ལ་སྒོ་བྱང་འགེལ་བ་དང་དཀའ་ཁག་བཙུན་མར་འཚམས་འདྲིའི་བྱེད་སྒོའི་ཤིས་ཚིག
འབྱུང་ཁུངས།: 2018/4/24

2018ལོའི་ཟླ4བའི་ཚེས10ཉིན།

ཁུལ་ཨུའི་རྒྱུན་ཨུ།  པདྨ་རྫོང་ཨུའི་ཧྲུའུ་ཅི།   ཤ་བོ་སྐྱབས།

གུས་པར་འོས་པའི་ཞིང་ཆེན་རྒྱུན་ཨུ་མགོན་པོ་བཀྲ་ཤིས་དང་ཧྲུའུ་ཅི་ཝང་ཧཱ་ཅེ། ཧྲུའུ་ཅི་ཧན་ཧའེ་ཧུང་། འདིར་བཞུགས་ཀྱི་འགོ་ཁྲིད་དང་བློ་མཐུན་རྣམ་པ།

ཚང་མ་སྔ་དྲོ་བདེ་ལེགས།

ཟླ་བཞི་བའི་པདྨར་དཔྱིད་ཀྱི་སྒེག་ཉམས་ཤར་ནས་བྱ་དངོས་ཡོད་ཚད་སླར་གསོ་རྒྱས་ཡོད་ལ།རེ་བ་དང་ཡིད་ཆེས་ཀྱི་ཁེངས་བའི་དུས་བཟང་འདིར་ང་ཚོས་ཞིང་ཆེན་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་ཞིང་ཆེན་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཧཱ་ཅེ་སོགས་པདྨའི་བྱ་བ་དང་བཀོད་སྒྲིག་ས་ཚིགས་ཀྱི་རྒྱ་ཆེ་བའི་བཙུན་མ་རྣམས་ལ་འཚམས་འདྲི་ཕེབས་པར་དགའ་བསུ་བྱས་པ་ཡིན།  འདི་ནི་ཞིང་ཆེན་གྱིས་པདྨ་རྫོང་གི་བྱ་བར་ཚད་མཐོའི་གདེང་འཇོག་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་གུང་གཞོན་ཚོགས་པའི་རང་རྫོང་གི་བཀོད་སྒྲིག་ས་ཚིགས་ཀྱི་རྒྱ་ཆེ་བའི་བཙུན་མ་དང་ན་གཞོན་རྣམས་ལ་བཅངས་བའི་བརྩེ་སེམས་ཡང་ཡིན།  ངས་འདི་ནས་རྫོང་ཡོངས་ཀྱི་ལས་བྱེད་དང་མང་ཚོགས། བཀོད་སྒྲིག་ས་ཚིགས་ཀྱི་བཙུན་མ་རྣམས་ཀྱི་ཚབ་བྱས་ཏེ་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་ཧྲུའུ་ཅི་ཝང་ཧཱ་ཅེ་ལ་ལྷག་བསམ་རྣམ་དག་གིས་གུས་འདུད་ཞུས་པ་ཡིན།

    སྔོན་དག་དག་ལ།  ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་གུང་གཞོན་ཚོགས་པ། ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་ལྷག་བསམ་ཅན་གྱི་མི་སྣ་སོགས་ཀྱིས་བཀོད་སྒྲིག་ས་ཚིགས་ཀྱི་བཙུན་མ་རྣམས་ལ་རིན་གོང་སྒོར་ཁྲི་180ཡི་འཚོ་བའི་དངོས་རྫས་ཞལ་འདེབས་འབུལ་བ་ཡིན། འདི་ནི་ང་ཚོ་པདྨ་རྫོང་ཨུ་དང་རྫོང་སྲིད་གཞུང་།  བཀོད་སྒྲིག་ས་ཚིགས་ལ་མཚོན་ན་དགའ་འོས་པའི་དོན་དག་ཞིག་ཡིན་ལ། འདིས་མ་འོངས་པ་ན་བཀོད་སྒྲིག་ས་ཚིགས་ཀྱི་འཚོ་བར་བཅོས་བསྒྱུར་དང་རང་རྫོང་གི་བཀོད་སྒྲིག་དོ་དམ་ལ་སྐུལ་འདེད་ལེགས་པོ་ཞིག་བྱས་ཡོད།  ད་དུང་རྫོང་ཡོངས་ཏེ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་བྱེད་སྒོ་བསྐྲུན་པར་སྐུལ་འདེད་བཏང་བ་དང་མི་རིགས་མཐུན་སྒྲིལ་གཙོ་བོ་ཡིན་པའི་པདྨའི་མཉམ་མྱོང་རིམ་འཕར་ལ་དོན་སྙིང་ལྡན་པའི་མངོན་འགྱུར་བྱེད་དགོས།  ང་ཚོས་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་གལ་ཆེན་གྱི་དངོས་ཟོག་འདི་དག་བགོ་བྱ་ཡག་པོ་ཞིག་རྒྱག་ངེས། དུས་ཡན་རིང་པའི་ནང་།  ཞིང་ཆེན་དང་ཁུལ་རིམ་པའི་ཏང་ཨུ་དང་སྲིད་གཞུང་།  འཐབ་ཕྱོགས་གཅིག་གྱུར།  ཆོས་ལུགས།  གུང་གཞོན་ཚོགས་པ་སོགས་ཀྱི་སྡེ་ཁག་དང་།   སྤྱི་ཚོགས་ལས་རིགས་ཁག་གི་བྱམས་སེམས་ཚོགས་པ།  བྱམས་སེམས་ཅན་གྱི་མི་སྣ་སོགས་ཀྱིས་རྒྱུན་པར་མགོ་ལོག་ཁུལ་པདྨ་རྫོང་གི་བཙུན་མའི་འཚོ་བ་དང་སློབ་སྦྱོང་གྱི་བཀོད་སྒྲིག་ས་ཚིགས་ལ་ཚད་མཐོན་པའི་རྒྱབ་སྐྱོར་དང་སེམས་ཁུར་བྱེད་བཞིན་ཡོད།  ནུས་ཤུགས་ཡོད་རྒུས་བཀོད་སྒྲིག་ས་ཚིགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་མཉམ་དུ་ལོ་རེར་མུ་མཐུད་དུ་འཚམས་འདྲིའི་དངོས་རྫས་འབོར་ཆེན་བསྐྱལ་ནས་ཐོག་མཐའ་བར་གསུམ་དུ་བཙུན་མའི་འཚོ་བ་ལ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་སེམས་ཁུར་བྱེད་བཞིན་ཡོད། ལྷག་པར་དུ་ན་ནིང་གི་ལོར་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་ཐེངས་གསུམ་ལ་པདྨ་རྫོང་དུ་སླེབས་ནས་མི་རིགས་ཆོས་ལུགས་དང་གནད་འཁེལ་དབུལ་སྐྱོར།  སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་གལ་ཆེན་བྱ་བ་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་མ་ཟད་པདྨ་རྫོང་གི་བཙུན་མའི་བཀོད་སྒྲིག་ས་ཚིགས་ཀྱི་འཛུགས་བསྐྲུན་དང་ཞབས་ཞུའི་དོ་དམ་བྱ་བ།  བཙུན་མའི་འཚོ་བ་དང་སློབ་སྦྱོང་ལ་ཆེད་དུ་བརྟག་ཞིབ་དང་བཀོད་སྒྲིག་བྱས་པ་དེ་རང་རྫོང་གི་རྒྱ་ཆེ་བའི་ལས་བྱེད་དང་མི་དམངས་མང་ཚོགས། གྲྭ་བཙུན་དང་བཙུན་མ་དག་གིས་གཟི་བརྗིད་དང་བསོད་ནམས་རེད།  ད་རུང་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་པདྨ་རྫོང་གི་ན་གཞོན་བྱ་བ་རྒྱབ་སྐྱོར་བྱས་ནས་པདྨ་རྫོང་གི་གུང་གཞོན་ཚོགས་པའི་བྱ་བ་ལ་སྐུལ་སྤེལ་བྱས་ནས་ཡར་ཐོན་བྱུང་ཡོད།  ན་ནིང་རྫོང་གུང་གཞོན་ཚོགས་པས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་བསྐྲུན་གྱི་དཔེ་སྟོན་རྫོང་གི་མཚན་སྙན་བླངས།  དེ་རིང་ཡང་འདི་ནས་ན་གཞོན་གཞིས་ཁྱིམ་གྱི་སྒོ་བྱང་བཀལ་བ་འདིས་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རང་རྫོང་གི་བྱ་བ་ལ་མཐོང་ཆེན་དང་ཡིད་ཆེས་ཡོད་པ་མཚོན།    ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག   ཞིང་ཆེན་དང་ཁུལ་འཐབ་ཕྱོགས་གཅིག་གྱུར།ཆོས་ལུགས།གུང་གཞོན་ཚོགས་པ་སོགས་ཀྱི་མཛུབ་ཁྲིད་དང་སྤྱི་ཚོགས་ལས་རིགས་བྱམས་སེམས་ཚོགས་པ་དག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག    པདྨ་རྫོང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བསམ་བློའི་དགོངས་དོན་ལ་སྣེ་ཁྲིད་ནས་ཞིང་ཆེན་ཏང་ཨུའི་མི་འབོར་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཆེ་བའི་ཞིང་ཆེན་དུ་བསྒྱུར་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།  མི་རིགས་མཐུན་སྒྲིལ་གསར་འཛུགས་ཀྱི་ཡར་ཐོན་དཔེ་སྟོན་རྫོང་དམ་པོར་བཟུང་ནས་པདྨའི་ཉམས་མྱོང་གཞི་རུ་བྱས་ནས་མཐུན་སྒྲིལ་སྒོས་རྒྱ་ཆེའི་ལས་བྱེད་དང་གྲྭ་བཙུན།  བཙུན་མ་སྣེ་ཁྲིད་ནས་སྟོབས་ཤུགས་ཆེར་སྐྱེད་ཀྱིས་དཔལ་འབྱོར་རིག་གནས་དང་མཛེས་སྡུག་གི་མདོག་གསུམ་པདྨ་བསྐྲུན་དགོས།དེ་དང་མཉམ་དུ།ང་རང་ཉིད་ཀྱི་རེ་བ་ཡང་རང་རྫོང་གི་རྒྱ་ཆེའི་ལས་བྱེད་དང་མི་དམངས་མང་ཚོགས་ཡོངས་ཀྱིས་མཐུན་སྒྲིལ་གྱི་ཨ་ལོང་དམ་དུ་སྦྲེལ་ནས་པདྨའི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུ་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས།

   མཇུག་མཐར།  ངས་ཡང་བསྐྱར་རྫོང་གི་ཚན་ཁག་ཆེན་པོ་བཞི་དང་རྫོང་ཡོངས་ཀྱི་ལས་བྱེད་པ།  མི་དམངས་མང་ཚོགས།  བཀོད་སྒྲིག་ས་ཚིགས་ཀྱི་བཙུན་མ་རྣམས་ཀྱི་ཚབ་བྱས་ནས་རྒྱུན་ཨུ་མགོན་པོ་བཀྲ་ཤིས་དང་ཧྲུའུ་ཅི་ཝང་ཧྰ་ཅེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་བ་ཡིན།


 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།