༄༅།།པདྨ་རྫོང་གིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་རྣམ་གྲངས་ཡོངས་ཁྱབ་ལག་བསྟར་བྱས།
མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་སྡེ་སྔར་ལས་སྲུང་སྐྱོབ་ལེགས་པོ་བྱས་ཏེ། གདོད་མའི་སྐྱེ་ཁམས་ཀྱི་མི་རིགས་རིག་གནས་རྒྱུན་མཐུད་འཕེལ་རྒྱས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་དར་སྤེལ་བྱས་ནས། བོད་ཡུལ་གྱི་ན་གཞོན་བུ་དང་བུ་མོ་ཚོའི་གོང་བུར་སྒྲིལ་ཤུགས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཕ་ཡུལ་ལ་དགའ་ཞིང་བོད་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་སློང་བྱས་ཏེ། བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་སྡེ་དང་མི་རིགས་རིག་གནས་འཕེལ་རྒྱས་བརྒྱུད་འཛིན་བྱེད་པའི་ཆེད་དུ། པདྨ་རྫོང་གིས་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོ། གྲུབ་ཆེན་ཞང་གི་ཁྱད་ཆོས་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་རྣམ་གྲངས་ཡོངས་ཁྱབ་ལས་མགོ་བརྩམས།
ལས་མགོ་རྩོམ་པའི་མཛད་སྒོའི་སྟེང་དུ། རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གཞོན་པའམ་མི་རིགས་ཆོས་ལུགས་ཅུས་ཀྲང་དོན་ཁོ་ཁོར་དང་བཅས་པ་གྲུབ་ཆེན་སྡེ་བ་དང་རྔ་བ་ཁུལ་འཛམ་ཐང་རྫོང་རྡོ་ཁོག་གོང་མ་ཞང་གི་ས་མཚམས་སུ་སོང་ནས། གྲུབ་ཆེན་སྡེ་བའི་མགྲོན་བསུ་སྒོ་ཆེན་དང་གྲུབ་ཆེན་སྡེ་བའི་རིག་གནས་ཐང་ཆེན་རྣམ་གྲངས་འཛུགས་སྐྲུན་བྱེད་སའི་ཡུལ་དངོས་ལ་ལྟ་ཞིབ་བྱས་ཤིང་། དངོས་སུ་འཆར་འགོད་དང་ཚད་འཇལ་བྱས་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་སྡེའི་རྣམ་གྲངས་མྱུར་དུ་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱས།
ཡིག་སྒྱུར་བ། ཆོས་ལོ།
|