ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> འགོ་ཁྲིད་ཀྱི་གསུང་བཤད།
༄༅།།པདྨ་རྫོང་གི་དགོན་པ 23གྱི་ཆོས་ལུགས་འཐུས་ཚབ་མི་སྣ་དང་དམངས་དམ་ཁང་གི་ཀྲུའུ་རིན་གྱི་གསོ་སྦྱོང་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད།
འབྱུང་ཁུངས།: 2014/7/4 9:16:32

༄༅།།པདྨ་རྫོང་གི་དགོན་པ 23གྱི་ཆོས་ལུགས་འཐུས་ཚབ་མི་སྣ་དང་དམངས་དམ་ཁང་གི་ཀྲུའུ་རིན་གྱི་གསོ་སྦྱོང་སྐུལ་སློང་

ཚོགས་ཆེན་སྟེང་གི་གསུང་བཤད།

པདྨ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ།མུའུ་ཚེ་རིང་།

འདིར་བཞུགས་ཀྱི་བླ་སྤྲུལ་དང་དམངས་དམ་ཁང་གི་ཀྲུའུ་རིན།བློ་མཐུན་རྣམ་པ།

དེ་རིང་པདྨ་རྫོང་གི་དགོན་ཁག 23གྱི་བླ་སྤྲུལ་དང་དམངས་དམ་ཁང་གི་ཀྲུའུ་རིན་སོགས་ཆོས་ལུགས་འཐུས་ཚབ་མི་སྣའི་གསོ་སྦྱོང་སྐུལ་སློང་   གྲོས་ཚོགས་འཚོགས་ཏེ།ཏང་དང་ཞིང་ཆེན་འགོ་ཁྲིད་ཀྱིས་མཛུབ་སྟོན་གནང་བའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་།སྤྱི་ཚོགས་བདེ་འཇགས་བྱ་བ་དང་འཆམ་མཐུན་དགོན་པ་འཛུགས་སྐྲུན་བྱ་བའི་ཁྲོད་དུ་གྲུབ་འབྲས་འབུར་ཐོན་ཡིན་པའི་སྔོན་ཐོན་ཅན་ལ་བྱ་དགའ་གནང་རྒྱུ་མ་ཟད།ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གནང་རྒྱུ་ཡིན་ལ།ཕྱི་དྲོ་ད་དུང་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་སོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུ།གཤམ་དུ།ངས་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ།       ཐེངས་འདིའི་གྲོས་ཚོགས་ལ་བསམ་འཆར་འགའ་འདོན་རྒྱུ་ཡིན་པས།    ཁྱེད་རྣམ་པས་ཐུགས་འདང་ཞིབ་མོ་མཛད་རོགས་གནོངས།

གཅིགཆོས་ལུགས་འཐུས་མིའི་གསོ་སྦྱོང་གྲོས་ཚོགས་འཚོགས་པའི་དགོས་ངེས་རང་བཞིན་དང་དོན་སྙིང་གལ་ཆེན།

རང་རེའི་པདྨ་རྫོང་ནི་དགོན་པ་མང་ཞིང་ཆོས་ལུགས་གྲུབ་མཐའ་མང་བའི་ས་ཁུལ་ཅིག་ཡིན་པ་མ་ཟད།དམངས་ཡོངས་ཆོས་ལུགས་དད་པ་ཆེ་ཞིང་།ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཤན་ཤུགས་ཐེབས་པ་དེ་ལས་ཀྱང་ཟབ་མོ་ཡིན་པས།མི་དམངས་ཀྱི་འགྲོ་འདུག་སྤྱོད་སྟངས་དང་འཚོ་བའི་ཁྲོད་དུ་རྐང་སིམ་པར་བྱས་ཡོད།དེའི་ཕྱིར།དགོན་པའི་བདེ་འཇགས་ནི་པདྨའི་སྤྱི་ཚོགས་བདེ་འཇགས་ཀྱི་སྒུལ་ཤུགས་ལྟ་བུར་གྱུར་ཡོད་ལ།དགོན་པའི་ཆོས་ལུགས་བྱ་འགུལ་སྣ་ཚོགས་ཀྱིས་མི་དམངས་ཀྱི་བསམ་བློར་བག་ཆགས་ཟབ་མོ་འཇོག་པ་དང་།དགོན་པའི་བླ་སྤྲུལ་དག་གི་བསམ་བློ་དང་བྱ་སྤྱོད་ཀྱིས་མང་ཚོགས་ལ་ཤན་ཤུགས་ཐེབས་པ་ཡིན་པས།ང་ཚོས་ངེས་པར་དུ་དགོན་པའི་བདེ་འཇགས་དང་དགོན་པའི་བླ་སྤྲུལ་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་ལ་རེ་བ་ནན་མོ་འདོན་དགོས་པ་རེད།མིག་སྔར་གྱི་གནས་ཚུལ་ལ་གཞིགས་ནས་གསོ་སྦྱོང་གྲོས་ཚོགས་འཚོགས་པའང་ཕྱོགས་ཡོངས་ནས་པདྨའི་སྤྱི་ཚོགས་བདེ་འཇགས་དང་འཆམ་མཐུན་འཕེལ་རྒྱས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞིང་།ང་ཚོའི་ཁུར་དུ་བབ་པའི་འོས་འགན་གལ་ཆེན་ཞིག་ཡིན་ལ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་མང་     ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས་པདྨའི་སྤྱི་ཚོགས་འཕེལ་རྒྱས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས།ང་ཚོ་ཚང་མས་པདྨའི་མང་ཚོགས་ཀྱི་བདེ་སྡུག་དང་འཚོ་བར་ཐུགས་འདང་ཞིབ་མོ་རྒྱབ་ནས།ཐོག་མར་མི་རེ་རེ་དང་དགོན་པ་རེ་རེས་རང་སྟེང་གི་སྐྱོན་ཆ་དང་མི་འདང་ས་བཅོས་སྒྱུར་བྱས་ཏེ།ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་ཞབས་ཞུ་དང་བདེ་སྐྱིད་སྐྲུན་རྒྱུའི་འདུན་པ་ཡོད་དགོས།འདི་ནི་ཏང་   དང་རྒྱལ་ཁབ་ཀྱིས་ང་ཚོར་བཅིངས་བའི་རེ་བ་ཡིན་ལ།མང་ཚོགས་ཀྱི་རེ་འདུན་ཡིན་པ་མ་ཟད།སངས་རྒྱས་ཆོས་ལུགས་ཀྱི་དགོངས་པའང་ཡིན་པས།རྗེས་ཕྱོགས་ཀྱི་བྱ་བར་བསམ་བློ་བཏང་སྟེ།འཕེལ་རྒྱས་འཆམ་   མཐུན་གྱི་ལམ་བུ་ཞིག་འཚོལ་བ་དང་།ཏང་དང་དགོན་པ།མང་ཚོགས།ལས་བྱེད་པ་བཅས་ཀྱི་བར་ལ་བྲལ་ཐབས་མེད་པའི་བརྩེ་བ་ཟབ་མོ་ཞིག་ཆགས་པར་བྱེད་དགོས།

གཉིས།སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ལྟར་རང་དཔེ་    གཞན་སྟོན་སྒོས་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་གྱི་སྤྱི་ཚོགས་   ཁོར་ཡུག་ཅིག་སྐྲུན་པར་འབད་པ་བྱེད་དགོས།

སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་ཚེ།ཆེས་མ་མཐའ་ཡང་བྱམས་དང་སྙིང་རྗེ་ལྡན་ལ་དགེ་བཅུའི་ཁྲིམས་སྲུང་དགོས་ཤིང་།ཁྱད་པར་དུ་དགེ་འདུན་པ་ཞིག་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་སློང་   ཕའི་སྡོམ་ཁྲིམས 253རང་གི་སྲོག་ལྟར་བརྩི་སྲུང་བྱེད་དགོས་པ་བདག་གིས་མ་བཤད་ཀྱང་ཁྱེད་རྣམ་པས་ཤེས་གསལ་ལྟར་རེད།སྟོན་པ་ཤཀྱ་ཐུབ་   པས་སྡིག་པ་ཅི་ཡང་མི་བྱ་ཞིང་༎དགེ་བ་ཕུན་སུམ་ཚོགས་པ་སྤྱད༎རང་གི་སེམས་ནི་རྣམ་པར་འདུལ༎འདི་ནི་སངས་རྒྱས་བསྟན་པ་ཡིན༎ཞེས་གསུང་བ་ལྟར།སྡིག་པའི་ལས་ལ་འཛེམ་དགོས་པ་དང་དགེ་བའི་ལས་ལ་འབད་པ་བྱེད་དགོས་ན།ཐོག་མར་དོན་དག་ཆུང་ངུ་ཙམ་ཞིག་ནས་འགོ་བརྩམས་པ་དང་རྒྱུན་གཏན་འཚོ་བའི་ཁྲོད་ནས་ནམ་ཡང་བྲལ་མེད་ཅིག་བྱེད་དགོས་ལ།རང་སེམས་གྱོང་བོ་དང་གུ་དོགས་པའི་བསམ་བློ་སྤངས་ཏེ་གཞི་ཁྱོན་ཆེན་པོར་བསམ་བློ་གཏོང་བ་དང་།མཁའ་ཁྱབ་འགྲོ་བ་    ཡོངས་ཀྱི་བདེ་སྡུག་བསམ་པའི་བླ་མེད་བྱང་ཆུབ་ཀྱི་སེམས་ལ་སྤྱོད་པའི་སངས་རྒྱས་ཆོས་ལུགས་ཀྱི་བརྒྱུད་འཛིན་པ་ཞིག་ཡིན་ན།ངན་སེམས་དང་གཞན་ལ་ཕོག་ཐུག་སྤུ་ཙམ་ཡང་མི་བྱེད་པའི་འདུལ་ཁྲིམས་ཡོད་དགོས་པ་ལས།མི་ཉུང་ཤེས་ཀྱི་ནོར་འཁྲུལ་གྱི་བསམ་ཚུལ་དང་བསླུ་བྲིད་ཀྱི་རྗེས་འབྲངས་མི་བྱེད་པ་ང་ཚོས་ཤེས་དགོས་པ་ཞིག་རེད།ཁྱེད་ཚོས་རང་གི་ཚུལ་ཁྲིམས་གཙང་མས་མང་ཚོགས་ལ་དཔེ་སྟོན་དང་ཁ་ཏ་སློབ་གསོ།     སྐུལ་སློང་བྱས་ཏེ་འཕེལ་རྒྱས་དང་འཆམ་མཐུན་གྱི་བརྩོན་སེམས་ལྡན་པར་བྱེད་པ་དང་།མི་རིགས་མཐུན་སྒྲིལ་བྱེད་དགོས་པའི་སློབ་གསོ་ནན་མོ་བྱས་ན་ད་གཟོད་པདྨའི་བདེ་འཇགས་སྐྲུན་ཐུབ་པ་རེད།སྤྱིར་པདྨ་རྫོང་ནི་ཁྲ་མོ་ལྷ་གླིང་དཀར་བོའི་གནས་མཆོག་ཡིན་ཞིང་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་གཏམ་གྱིས་ཕྱུག་པ་མ་ཟད།གེ་སར་རིག་གནས་ཀྱིས་ས་འདིའི་མང་ཚོགས་ཀྱི་རུས་པའི་རྐང་རིམ་སིམ་པར་བྱས་ཡོད་ལ།མགོ་ལོག་ཁག་གསུམ་སྟེ།   དབང་ཆེན་འབུམ་དང་ཨ་སྐྱོང་འབུམ།པདྨ་འབུམ་བཅས་ཀྱི་ཕ་ས་ཡིན་པས།ས་འདིར་བཀྲ་ཤིས་སྒོ་མང་།ལྕགས་རི་འོད་འབར་སོགས་གནས་འགངས་ཆེན་མང་པོ་ཡོད་ལ།ཨ་སྐྱོང་དགོན་དང་གྲུབ་ཆེན་དགོན་སོགས་ལོ་རྒྱུས་རྒྱུན་རིང་ཞིང་མིང་དུ་གྲགས་པའི་དགོན་པ་ཉེར་   གསུམ་ཡོད་པ་དེ་དག་ལས།ཀརྨ་པ་སྐུ་ཕྲེང་བཅུ་བ་ཆོས་དབྱིངས་རྡོ་རྗེ་དང་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ།མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་།   གཏེར་ཟས་རྡོ་རྗེ་དགྲ་འདུལ།པདྨ་བདུད་འདུལ་དབང་ཕྱུག་གླིང་བ།ཨ་པང་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེ།གླིང་སྤྲུལ་པདྨ་ལུང་རྟོགས་རྒྱ་མཚོ།གྱི་ལུང་ཐུགས་མཆོག་རྡོ་རྗེ།སྒེས་གཏེར་ཁྲག་འཐུང་བདུད་   འཇོམས་གླིང་བ།དབང་མདའི་གྱང་སྤྲུལ་དོན་གྲུབ་རྡོ་རྗེ།འཇིགས་མེད་ཕུན་ཚོགས་འབྱུང་གནས།རྡོ་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་འོད་ཟེར།རྡོ་གྲུབ་བསྟན་པའི་ཉི་མ།ཨ་པང་མཁའ་འགྲོ་ཏཱ་རེ་ལྷ་མོ།    དགོན་པ་གཏེར་སྟོན་ཆོས་ཀྱི་རྡོ་རྗེ་སོགས་མདོ་དབུས་ཁམས་གསུམ་ཀུན་ན་སྙན་པའི་གྲགས་པ་འབར་བའི་བླ་སྤྲུལ་དང་མཁས་མཆོག་དམ་པ་མང་པོ་འཁྲུངས་བའི་ཆོས་ས་ཆོས་ཡུལ་ཞིག་ཡིན་པས་ན།ང་ཚོ་ས་འདིའི་མང་ཚོགས་དང་ལས་བྱེད་པ་ཞིག་ཏུ་གྱུར་བར་དགའ་སྤྲོ་སྐྱེས་འོས་ཤིང་།དེ་དག་གི་བླ་མེད་སྤྱོད་བཟང་དང་བསླབ་བྱ་ལ་བརྩི་སྲུང་བྱེད་དགོས་པ་ལས།མདོ་མེད་ལུགས་མེད་ཀྱི་བྱ་སྤྱོད་ངན་པ་སྒྲུབ་མི་རུང་བ་ཤེས་དགོས་པ་རེད།འོན་ཀྱང་དེང་སྐབས་ང་ཚོ་པདྨ་རྫོང་གི་གནས་ཚུལ་ལ་བལྟོས་དང་།      གནས་ལུགས་གོ་ལྡོག་ཅིང་ལས་རྒྱུ་འབྲས་མི་བརྩི་བའི་མི་ཁ་ཤས་ཀྱི་བྱ་སྤྱོད་ངན་པས་པདྨ་རྫོང་གི་མཚན་སྙན་གྲགས་བརླགས་ཤིང་།མིང་ངན་པ་   ཞིང་ཆེན་ཕྱི་ནང་ཀུན་ལ་གྲགས་པར་བྱས་ཡོད་པས།པདྨ་རྫོང་གི་ལས་བྱེད་པ་དང་མང་ཚོགས།བླ་སྤྲུལ་ཐམས་ཅད་ངོ་ཚ་དགོས་པ་ཞིག་རེད།རྒྱུ་མཚན་ནི་ང་ཚོ་ཞིང་ཆེན་ཕྱི་ནང་ཀུན་ལ་མངོན་ཆོག་པའི་རང་བྱུང་ཁོར་ཡུག་དང་རྒྱུན་རིང་བའི་ནང་བསྟན་རིག་གནས་ལོ་རྒྱུས་ཀྱིས་ཕྱུག་པའི་   ཆོས་ལུགས་ཀྱི་ཕ་ས་འདི་རུ་འཚོ་སྡོད་བྱེད་པའི་མི་ཡིན་པ་དང་།ང་ཚོ་ད་སོ་མ་གོང་དུ་བཤད་པའི་མདོ་དབུས་ཁམས་གསུམ་ན་མིང་དུ་གྲགས་པའི་སྐྱེས་ཆེན་དམ་པ་དེ་དག་གི་བརྒྱུད་འཛིན་པ་དང་བུ་རབས་ཚ་བརྒྱུད་ཡིན་པས་ངོ་གནོང་བ་ཞིག་མ་ཡིན་ནམ།སྔོན་དང་ད་ལྟའི་འགྱུར་ལྡོག་ལ་    བལྟོས་དང་།འདི་དག་ཚང་མ་འདིར་བཞུགས་ཀྱི་འགོ་ཁྲིད་དང་བླ་སྤྲུལ།བློ་མཐུན་ཡོངས་ལ་འགན་འཁུར་ཡོད་པ་མ་ཡིན་ནམ།ང་ཚོས་བསམ་བློ་ཞིབ་ཏུ་བཏང་སྟེ།ཐོག་མར་རང་སྟེང་གི་གནད་དོན་བཙལ་ནས་ཐག་   གཅོད་བྱེད་དགོས་ཤིང་།དེ་ནས་སྤྱི་ཚོགས་གནད་དོན་ཡོངས་ལ་གཞིགས་ནས་རྗེས་ཕྱོགས་ཀྱི་བྱ་བ་གང་འདྲ་ཞིག་སྒྲུབ་པར་ཆོད་སེམས་དང་བློ་    སྤོབས་ཡོད་དགོས་ལ།ཡིད་ཆེས་བརྟན་པོའི་སྒོ་ནས་གནད་དོན་ཐག་   གཅོད་ཡང་དག་བྱེད་དགོས།

གསུམ།རང་འགུལ་སྒོས་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་བྱས་ཏེ།མང་ཚོགས་ལ་དཔེ་སྟོན་ནུས་པ་ཐོན་དགོས། 

ང་ཚོའི་རྒྱལ་ཁབ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡིན་ཞིང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་ཕྱིན།སྤྱི་ཚོགས་ཀྱི་ཐོབ་ཐང་ཇི་འདྲ་མཐོ་རུང་།ཚོགས་པ་དང་མི་སྒེར་སུ་ཞིག་ཡིན་རུང་ཚང་མ་འདྲ་མཉམ་ཡིན་ལ།ཚང་མས་ཏང་རྩ་འཛུགས་ལ་བརྩི་སྲུང་བྱེད་པ་དང་།ཏང་རྩ་འཛུགས་དང་སྲིད་གཞུང་གི་བཀོད་འདོམས་ལ་   ཉན་དགོས།དེའི་ཕྱིར།དེ་རིང་ང་ཚོ་འདིར་བཞུགས་ཀྱི་བླ་སྤྲུལ་དང་   འགོ་ཁྲིད།དགོན་པ་གང་ཡིན་རུང་ཏང་དང་སྲིད་གཞུང་གི་འགོ་ཁྲིད་ལ་བརྩི་བཀུར་དང་བཀའ་གསུང་དང་དུ་ལེན་དགོས་པ་རེད།ཏང་གི་ཆོས་ལུགས་དད་མོས་རང་དབང་ནི་ཏང་རྩ་འཛུགས་དང་སྲིད་གཞུང་གི་བཀོད་འདོམས་འོག་དང་།ཏང་དང་སྲིད་གཞུང་གི་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ལ་མི་འགལ་བའི་ཆ་རྐྱེན་འོག་ལག་བསྟར་བྱེད་པ་ལས།ཆོས་ལུགས་དགོན་པ་དང་ཆོས་ལུགས་ཚོགས་པ་གང་རུང་གིས་གང་འདོད་ཅི་འདོད་ལྟར་སྒྲུབ་ཆོག་པ་ཞིག་གཏན་ནས་མིན་པས།   ང་ཚོས་ཏང་གི་ཆོས་ལུགས་དད་མོས་རང་དབང་ལ་གོ་བ་ཟབ་མོ་ལོན་པར་བྱས་ཏེ།ཆོས་ལུགས་སྲིད་ཇུས་དང་དམངས་ཕན་སྲིད་ཇུས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་ནན་ཏན་བྱེད་དགོས་ཤིང་།སྲིད་ཇུས་དང་མི་འགལ་བའི་ཆ་རྐྱེན་འོག་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སྤེལ་རྒྱུ་དང་།ཐེངས་འདིའི་གཅིག་བསྡུས་དག་ཐེར་ལ་ཟུང་འབྲེལ་བྱས་ནས།དགོན་པ་སོ་སོས་རང་རང་གི་ལོ་གཅིག་གི་རྒྱུན་ལྡན་གྱི་ཆོས་ལུགས་ཆོ་ག་སྣ་ཚོགས་ཏང་རྩ་འཛུགས་དང་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ།ཆོག་མཆན་ཐོབ་   པར་བྱེད་རྒྱུ་མ་ཟད།ཆོག་མཆན་མ་ཐོབ་པར་ཆོས་ལུགས་ཆོ་ག་གཏན་ནས་མི་སྤེལ་རྒྱུ་ཁས་ལེན་བྱེད་དགོས་ལ།རང་སོ་སོའི་མངའ་ཁོངས་     བརྒལ་ནས་ཆོས་ལུགས་ཆོ་ག་སྤེལ་མི་ཆོགདུས་མཚངས་སུ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཐེ་གཏོགས་མི་བྱེད་པ་སྟེ།དཔེར་ན་ཟོག་ལུག་བཤས་འཚོང་ཐད་ལ་དགོན་པས་བཀག་འགོག་བྱེད་པའི་བྱ་སྤྱོད་དེས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་པ་ཚབས་ཆེན་བཟོས་ཡོད་ལ།མང་ཚོགས་རང་འཐད་མིན་པར་དགོན་པས་བཙན་གྱིས་བཞག་པའི་སྒྲིག་ལམ་ཡིན་པ་ཐེངས་འདིའི་དག་ཐེར་ཞིབ་བཤེར་སྐབས་སུ་མང་ཚོགས་ཀྱིས་ཡར་ཞུ་བྱས་པ་ཡིན་པས།འདི་ནི་ནང་བ་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་དང་འགལ་ཞིང་།ཆོས་ལུགས་པའི་བྱ་སྤྱོད་དང་ཡང་མི་མཐུན་པ་ཞིག་རེད།གྲྭ་བར་གྲྭ་བའི་འདུལ་ཁྲིམས་ཡོད་ལ།མང་ཚོགས་ལ་མང་ཚོགས་ཀྱི་འཚོ་ཐབས་ཤིག་ཡོད་པས།གྲྭ་བའི་འདུལ་ཁྲིམས་དེ་མང་ཚོགས་ལ་   བཙན་གྱི་སྲུང་དུ་བཅུག་ན་འགྲིག་གམ།ཡང་གཅིག་བཤད་ན་ད་ལྟ་གྲྭ་བའི་ཁྲོད་ནའང་ཤ་ཟ་མཁན་ཤིན་ཏུ་མང་པོ་ཡོད་པ་དང་།ཁོར་ཡུག་གི་ཆ་རྐྱེན་དང་མིའི་ལུས་ཕུང་གི་ཆ་ནས་བཤད་ནའང་མཐོ་སྒང་གི་མིས་ཤ་ཟས་མ་བརྟེན་ན་ལུས་པོའི་བདེ་ཐང་ལ་གནོད་པ་ཡོད་ལ།ལྷག་པར་དུ་གསར་སྐྱེས་བྱིས་པ་རྣམས་ནི་ལུས་ཕུང་དར་བའི་དུས་ཡིན་པས་འཚོ་བཅུད་ཀྱིས་འདང་ངེས་ཤིག་དགོས་པ་རེད།རང་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ནའང་བོད་མི་རིགས་ནི་གནའ་ནས་ད་བར་ཤ་མར་གཙོ་བོར་     བརྟེན་ནས་འཚོ་བ་རོལ་བ་ཞིག་མ་ཡིན་ནམ།སྤྱིར་སྡིག་པའི་ལས་མཐའ་དག་སྤང་དགོས་པ་ཡིན་མོད།འོན་ཀྱང་ང་ཚོས་ཞིབ་འདང་ཞིག་རྒྱབ་ན།ང་ཚོ་ནི་འཁོར་བ་ན་འཚོ་བའི་མི་ཞིག་ཡིན་པས།སྡིག་པའི་ལས་འདི་དང་བྲལ་ཐབས་མེད་དེ།དཔེར་ན་ང་ཚོར་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཞིག་ཡིན་ན།ང་ཚོའི་ཟས་སུ་སྤྱོད་པའི་ཟ་མ་ཡོད་ཚད་ཤ་ཁྲག་ལས་གྲུབ་པ་ཞིག་ཡིན་ཞིང་།ད་ལྟ་མི་ལ་ལས་དཀར་ཟས་ཞེས་མིང་ཡག་པོ་ཞིག་བཏགས་ཡོད་པ་མ་གཏོགས།སྤྱིར་དཀར་ཟས་ངོ་མ་ཞིག་གང་ན་ཡོད།ང་ཚོའི་ཟ་བཞིན་པའི་ཕྱེ་དེ་ཇི་ལྟར་ཐོན་པ་ལ་བསམ་བློ་ཞིག་ཐོངས་དང་།ས་ཞིང་འདེབས་པ་དང་ཆུ་གཏོང་བ་སོགས་ཀྱི་གོ་རིམ་ཁྲོད་དུ་ཉམས་ཆུང་འབུ་རིགས་ཀྱི་ཚེ་སྲོག་ཅི་ཙམ་ཤོར་བར་འདང་རྒྱབ་ན་ང་ཚོའི་དཀར་ཟས་སུ་རློམ་པའི་གོ་རེ་འདི་ཡང་ཉམས་ཆུང་གི་ཚེ་སྲོག་ཁྲི་སྟོང་མང་པོའི་ཤ་ཁྲག་ཁོ་ན་ལས་མ་འདས་པ་ཞིག་རེད།དེ་སྔོན་བོད་ཁུལ་གྱི་བླ་ཆེན་ཞིག་གིས་འདི་ལྟར་གསུང་ཡོད་དེ།ང་ཚོས་ཞིབ་དུ་འདང་རྒྱབ་ན་འབྲོག་པའི་ཕྱུག་ཟོག་སྟོང་ཕྲག་ཅིག་གི་ཤ་ཟས་ལོངས་སུ་སྤྱོད་པ་དང་རོང་བའི་གོ་རེ་སྐྱ་སྒོང་   གཅིག་ཟོས་པའི་སྡིག་པ་ནི་འདྲ་བར་གསུངས་ཡོད།དེ་དང་བཞིན་དུ་   སིལ་ཏོག་དང་ཚོད་མ་ལ་སོགས་པ་ཚང་མ་དེ་དང་རང་བཞིན་གཅིག་ཡིན་པས།རྗེ་བཙུན་མི་ལ་རས་པ་ལྟ་བུའི་ནམ་མཁའ་སྟོང་བ་ཟས་སུ་ཟ་བའི་སྟོང་ཉིད་རྟོག་པའི་སྐྱེས་ཆེན་དམ་པ་རེ་འགའ་མ་གཏོགས།དཀར་ཟས་ཞེས་རང་སེམས་རང་གིས་བཅོས་ཏེ་དགའ་ཀྲོག་ཀྲོག་བྱེད་པ་ལས་ཡོད་   ཚད་ཤ་ཁྲག་ཁོ་ནས་གྲུབ་པ་རེད།དེའི་ཕྱིར།ལོ་ཆེན་བེ་རོ་ཙ་ནའི་ཞལ་ནས་ཀྱང་།ཨེ་མ་ལྷ་ཆོས་ཐར་བ་ཐོབ་པ་མ་འགྲུབ་ཀྱང་༎མི་ཆོས་དྲང་བོ་ཚུལ་བཞིན་སྤྱད་པ་ན༎མཐོ་རིས་ཐར་བ་ཐོབ་པ་ཐེ་ཚོམ་མེད༎ཅེས་གསུང་བ་ལྟར།ང་ཚོས་མང་ཚོགས་ལ་ཚོད་འཛིན་ཆོག་ཤེས་དང་བཀའ་དྲིན་གྱི་སློབ་གསོ་ཡང་ཡང་བྱས་ཏེ།ད་ལྟའི་ཐོབ་དཀའ་བའི་དུས་སྐབས་དང་འཚོ་བར་གཅེས་སྤྲས་བྱས་ནས།ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་   དང་སྲིད་ཇུས་ལ་བརྩི་སྲུང་སྒོས་ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་།མི་ཚེའི་ལྟ་ཚུལ།རིན་ཐང་གི་ལྟ་ཚུལ་ཡག་པོ་ཞིག་རྒྱུད་ལ་བཞག་ནས་ཚུལ་མཐུན་སྤྱོད་བཟང་གི་མི་ཞིག་བྱེད་པར་སྐུལ་དགོས།

བཞི།སློབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ།ཡང་དག་པའི་ཆོས་ལུགས་ཀྱི་ཤེས་བྱ་བརྒྱུད་འཛིན་དང་རྒྱལ་གཅེས་ཆོས་གཅེས་ཀྱི་ཚུལ་ལྡན་གྲྭ་བཙུན་ཞིག་བྱེད་པར་བརྩོན་དགོས།

ཐེངས་འདིའི་གཅིག་བསྡུས་དག་ཐེར་བྱ་བའི་ཁྲོད་རྒྱུགས་ཤོག་གི་དྲི་ལན་བཏབ་པ་ལས་ཤེས་གསལ་ལྟར།པདྨ་རྫོང་གི་དགོན་པའི་གྲྭ་བ་མང་ཆེ་བའི་བོད་ཡིག་གི་ཆུ་ཚད་ཞན་ལ།ལ་ལས་བསམ་འཆར་གྱི་སྐད་ཆ་རེ་    གཉིས་བྲིས་པའང་ཡིག་ནོར་མང་བས་གོ་བ་ལོག་པར་གྱུར་བའི་རྣམ་པ་ཡོད།དེའི་ཕྱིར།ངེས་པར་དུ་རྨང་གཞིའི་ཤེས་བྱ་དང་ཆོས་ལུགས་ཤེས་བྱ་སློབ་སྦྱོང་ལ་འབད་པ་བྱས་ནས།རང་ཉིད་མཐོར་འདེགས་གཏོང་   དགོས།རང་ཉིད་མ་གྲོལ་གཞན་ལ་གདམ་པ་མེད་ཅེས་པ་ལྟར།ཁྱེད་ཚོ་ནི་མང་ཚོགས་ཀྱི་སེམས་ན་རྣམ་དག་ཚུལ་ཁྲིམས་སྲུང་ཞིང་།སྤྱོད་ལམ་གཙང་ལ་རྣམ་དཀར་དགེ་བའི་ལས་ལ་གཞོལ་བའི་བྱང་ཆུབ་ཀྱི་སེམས་   དང་ལྡན་པ་ཞིག་ཏུ་བརྩི་བཞིན་ཡོད་ལ།མང་ཚོགས་ཀྱི་སེམས་ན་བླ་ན་མེད་པའི་ཐོབ་དང་ཤེས་བྱའི་ཕྱུག་པའི་དགེ་འདུན་པ་ཡིན་པས།སྟོན་པ་ཤཀྱ་ཐུབ་པས་ཀྱང་ང་ཡི་རྗེས་འཇུག་ཅི་འདྲ་ངན་གྱུར་ཀྱང་།སྐྱེ་བོ་ཕལ་བ་བརྒྱ་ཡིས་དོ་མ་ཡིན་ཞེས་གསུངས་ཡོད་ན།དེའི་ཐོབ་དང་མཚན་སྙན་ལ་བསམ་ཏེ།ཐོག་མར་རང་ཉིད་ཀྱི་ཀུན་སྤྱོད་དང་ཤེས་བྱ་མཐོར་འདེགས་བྱེད་པ་དང་།རྣམ་ཀུན་དགེ་བའི་སེམས་དང་ལྡན་པར་བྱས་ན།ད་    གཟོད་མང་ཚོགས་ཀྱིས་ལྟ་ཚུལ་བཟང་ཞིང་།དཔེ་སྟོན་ནུས་པ་ཐོན་པ་ལས།རང་ཉིད་ཀྱི་ཀུན་སྤྱོད་ལ་སོགས་ཞན་པར་གྱུར་ན།མང་ཚོགས་   ཀྱིས་ངོ་གཏུག་གིས་ཅི་ཡང་མི་བཤད་མོད།ལྐོག་ནས་འཕྱ་དམོད་བྱེད་   ངེས་ཡིན་པས།ངེས་པར་དུ་རང་ཉིད་ཀྱི་ཕྱོགས་ཡོངས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་དགོས།སྤྱིར་མི་རིགས་ཤིག་ལ་མཚོན་ན་མི་རིགས་དེའི་སྤྱི་ཚོགས་ཀྱི་དར་རྒུད་ནི་མི་རིགས་རང་གི་རིག་གནས་ཤེས་བྱར་རག་ལས་ལ།རང་གི་རིག་གནས་རྒྱུད་འཛིན་དར་སྤེལ་བྱེད་དགོས་ན་ཁྱེད་ཅག་བླ་སྤྲུལ་དག་ལ་རགས་ལས་ཤིང་།དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་ཁྲོད་དུའང་ཁྱེད་ཅག་གིས་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་     གསུམ་དང་།ཡུལ་སྲོལ་གོམས་གཤིས་སོགས་ཕྱོགས་གང་ཅིའི་ཐད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད།    ཡིན་ཡང་ང་ཚོ་འདས་ཟིན་པའི་གྲུས་འབྲས་ཀྱིས་ཡིད་མི་ཚིམ་པར་ད་དུང་མུ་མཐུད་བརྩོན་པ་བརྒྱ་འགྱུར་གྱིས་རང་མི་རིགས་ཀྱི་ཆོས་ལུགས་རིག་   གནས་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་ཤེས་བྱ་བརྒྱུད་     འཛིན་དང་སྲུང་སྐྱོང་།དར་སྤེལ་བྱས་ནས།པདྨའི་འཆམ་མཐུན་འཕེལ་རྒྱས་ལ་ནུས་པ་འདོན་དགོས་ཤིང་།ཏང་དང་སྲིད་གཞུང་།བོད་རིགས་མི་དམངས་ཚང་མས་ཁྱེད་ཅག་ལ་བཅིངས་བའི་རེ་བའང་ཡིན།

འདིར་བཞུགས་ཀྱི་བླ་སྤྲུལ་དང་འགོ་ཁྲིད།བློ་མཐུན་རྣམ་པ།ང་ཚོ་ནི་གནས་ཚུལ་གསར་བ་དང་དུས་སྐབས་གསར་བ་ན་འགྲེངས་ཡོད་པས།      པདྨའི་སྤྱི་ཚོགས་གནད་དོན་འདི་དག་ལ་བསམ་བློ་མི་གཏོང་ག་མེད་ཡིན་ལ།པདྨའི་རིགས་སོ་སོའི་མི་དམངས་ཀྱི་བདེ་སྡུག་ལ་ངེས་པར་དུ་བསམ་བློ་གཏོང་དགོས་པས།བདག་གིས་གོང་དུ་བཤད་པའི་གཏམ་བཤད་ལ་ནོར་འཁྲུལ་དང་འགལ་བ་ཡོད་ན་བཅོས་སྒྱུར་དང་གཟོད་སྒོམ་གནང་   རོགས་ཞུ།

མཇུག་མཐར།ཁྱེད་རྣམ་པའི་སྐུ་ལུས་བདེ་ཞིང་བྱ་བ་ཐམས་ཅད་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།བཀའ་དྲིན་ཆེ།

 

 

 

 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།