ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> འགོ་ཁྲིད་ཀྱི་གསུང་བཤད།
༄༅།།བོད་ཤིང་ཕོ་རྟ་ལོའི་ལོ་གསར་སྤྲོ་ཚོགས་སྟེང་གི་གསུང་བཤད།
འབྱུང་ཁུངས།: 2014/3/3 17:39:48

༄༅།།བོད་ཤིང་ཕོ་རྟ་ལོའི་ལོ་གསར་སྤྲོ་ཚོགས་སྟེང་གི་གསུང་བཤད།

པདྨ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོནཤ་བོ་སྐྱབས།


འདིར་བཞུགས་ཀྱི་མགོ་ཁྲིད་དང་གྲོགས་པོ་རྣམ་པ།

བོད་ལུགས་ལོ་གསར་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ཞིང་།  ཆོལ་གསུམ་བོད་མི་ཡོངས་ཀྱིས་ལོ་གསར་བ་ལ་རོལ་བའི་དུས་ཆེན་ཞིག་ཡིན་ལ།  བོད་ཀྱི་ཆོས་ལུགས་དང་གོམས་གཤིས་སྣ་ཚོགས་ལས་གྲུབ་པའི་དུས་སྟོན་ཆེན་པོ་ཞིག་ཀྱང་ཡིན་པས།  བོད་མི་ཡོངས་ཀྱིས་གཟབ་ཆས་སྤྲས་ཤིང་ཤ་མར་ཐུད་གསུམ་ལ་རོལ་བའི་སྐལ་བཟང་གི་དུས་ཤིག་ཏུ་བརྩི་བཞིན་ཡོད།  དེའི་ཕྱིར།  དེ་རིང་ང་ཚོ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ལྷན་འཛོམས་བྱུང་ནས།   མཉམ་དུ་བོད་ཤིང་ཕོ་རྟ་ལོའི་ལོ་གསར་ལ་རོལ་བའི་སྐབས་འདིར།  ངས་ཐོག་མར་རྫོང་ཨུ་དང་རྫོང་དམངས་ཆེན།   རྫོང་སྲིད་གཞུང་།  རྫོང་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་རྫོང་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་།  དུས་ཡུན་རིང་བོར་པདྨའི་དཔལ་འབྱོར་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པའི་རིམ་པ་སོ་སོའི་མགོ་ཁྲིད་དང་།  སྤྱི་ཚོགས་ལས་རིགས་སོ་སོའི་གྲོགས་པོ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

འདས་ཟིན་པའི་ལོ་གཅིག་གི་རིང་དུ།  ང་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་ཐུགས་ཁུར།  རྒྱབ་སྐྱོར་བྱས་པའི་འོགརྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་ལས་བཟོ་བས་མཐུན་སྒྲིལ་འབད་བརྩོན་བྱས་པས།   པདྨའི་མི་རིགས་མཐུན་སྒྲིལ་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་བླངས་ཤིང་།   དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ལས་དོན།  སློབ་གསོ་ལས་དོན་སོགས་སྤྱི་ཚོགས་ལས་རིགས་སྣ་ཚོགས་གོང་འཕེལ་སོང་ཡོད་ལ།  ལྷག་པར་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་དང་བོད་ཀྱི་རིག་གནས་ཐོན་ལས་ར་བ་འཛུགས་སྐྲུན།  བོད་ཡིག་དྲྭ་ཚིགས་སོགས་བོད་ཀྱི་རིག་གནས་ལས་དོན་སྔར་ལས་འཕེལ་རྒྱས་བྱས་ཏེ།  ཏང་གིས་གྲངས་ཉུང་མི་རིགས་ས་ཁུལ་དུ་དྲིལ་བསྒྲགས་གླེང་ཕྱོགས་འདོན་པའི་ལག་ཆ་གཙོ་བོར་གྱུར་ཡོད་ལ།  ཁ་ཏོག་གསུམ་ལྡན་གྱི་པདྨ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།  གཡུར་དུ་ཟ་བའི་གྲུབ་འབྲས་འདི་དག་ནི་རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་ལས་བཟོ་བ་ཚང་མས་བློ་གཅིག་སེམས་གཅིག་གིས་དཀའ་སྤྱད་ངལ་རྩོལ་བྱས་པའི་དངུལ་ཆུ་ལས་བྱུང་བ་ཡིན་པས།   ངས་གོ་སྐབས་འདི་བརྒྱུད་དེ།  ཁྱེད་ཅག་ལ་སེམས་གཏིང་ནས་བཀའ་དྲིན་ཞུ་བ་དང་བླ་ན་མེད་པའི་གུས་འདུད་ཞུ་བ་ཡིན།

དཔྱིད་དཔལ་རྒྱས་བ་དང་ལྷན་དུ་ཡོད་ཚད་གསར་བར་སྒྱུར་ཅིང་།  2014ལོ་ནི་རང་རེའི་རྫོང་གིས་བཅུ་གཉིས་ལྔའི་འཆར་འགོད་ལག་ལེན་བྱེད་པ་དང་།  ཕྱོགས་ཡོངས་ནས་འཕེལ་རྒྱས་སྐུལ་འདེད་བྱེད་པའི་གནད་འགག་གི་ལོ་ཡིན་ལ།  ང་ཚོས་བཅོས་སྒྱུར་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱེད་པ་དང་།  པདྨ་འཕེལ་རྒྱས་ཆེན་པོར་སྐུལ་འདེད་བྱེད་པའི་གནད་འགག་གི་ལོ་ཡང་ཡིན་པས།  བགྲོད་ལམ་གསར་བ་དང་དམིགས་ཡུལ་གསར་བ།  གོ་སྐབས་གསར་བ་དང་འགྲན་རྩོད་གསར་བར་དམིགས་ཏེ།  ང་ཚོས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོགརྫོང་ཨུའི་བྱ་བའི་བཀོད་སྒྲིག་ལྟར།  སྔར་ལས་ཆོད་སེམས་བརྟན་པོ་དང་བྱེད་ཐབས་ལེགས་པོ།  བྱ་སྤྱོད་བརྟན་བརླིང་བཅས་ཀྱི་སྒོ་ནས་པདྨའི་འཕར་བརྒལ་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་རླབས་ཆེན་བགྲོད་ལམ་སྟེང་གྲུབ་འབྲས་གསར་བ་ལེན་དགོས་ཤིང་།  ང་ཚོའི་བློ་རིག་དང་དངུལ་ཆུས་པདྨའི་འཕེལ་རྒྱས་ལ་ཟིན་ཐོ་གསར་བ་འགོད་དགོས།  བློ་མཐུན་དང་གྲོགས་པོ་རྣམ་པ།  འདས་ཟིན་པའི་ལོ་གཅིག་གིས་མི་སེམས་སྒུལ་བར་བྱེད་ཅིང་།  ལོ་གསར་བའི་ནང་ང་ཚོར་བརྩོན་སེམས་རྒྱས་བར་བྱེད་དགོས།  རྣམ་པ་གསར་བ་དང་འོས་འགན་གསར་བར་ཁ་གཏད་དེ།  ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བའི་དགོངས་དོན་གྱི་ཕྱོགས་སྟོན་འོག  སྙིང་སྟོབས་ཆེར་བསྐྱེད་དང་དཀའ་སྤྱད་འབད་བརྩོན་སྒོས་ཡར་རྒྱས་གོང་སྤེལ་བྱས་ཏེ།  ད་ལོའི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་འོས་འགན་སྣ་ཚོགས་ལེགས་འགྲུབ་བྱེད་པ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལས་དོན་མུ་མཐུད་དུ་མདུན་སྐྱོད་བྱས་ནས།ཚང་མས་མཉམ་དུ་སྔར་ལས་ལྷག་པའི་པདྨའི་འོད་སྟོང་འབར་བའི་མ་འོངས་པ་གསར་སྐྲུན་བྱེད་དགོས།  

མཇུག་མཐར།  ངས་འདི་ནས་ལོ་གསར་བའི་ནང་དུ་རྫོང་ཡོངས་ཀྱི་བོད་རིགས་མི་དམངས་ལ་བཀྲ་ཤིས་བདེ་ལེགས་འབྱུང་བའི་སྨོན་འདུན་ཞུ་བ་དང་།  པདྨའི་ལས་རིགས་འཕེལ་ཞིང་དམངས་རྣམས་ཕྱུག་པ།  འཆམ་མཐུན་འཕེལ་རྒྱས་ཡོང་བའི་སྨོན་འདུན་ཞུ་ཞིང་།  འདིར་བཞུགས་ཀྱི་མགོ་ཁྲིད་དང་སྐུ་མགྲོན་རྣམ་པ་ལོ་གསར་བའི་ནང་དུ་ཁྱིམ་གཞི་བདེ་སྐྱིད་ལྡན་ཞིང་བྱ་བ་ཡར་རྒྱས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན།  

རྩོམ་འབྲི་བ།  ཆོས་ལོ། 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།