༄༅།།པདྨ་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་དྲིལ་བསྒྲགས་གནད་བསྡུས།
རྫོང་ཨུའི་ཧྲུའུ་ཅི་གཞོན་པ་མུའུ་ཚེ་རིང་གི་གསུང་བཤད།
ཀྲུང་དབྱང་དང་ཞིང་ཆེན་གྱི་བཀོད་སྒྲིག་ལྟར་པདྨ་རྫོང་གིས 2014ལོའི་ཟླ2པའི་ཟླ་སྨད་ནས་ཟླ9བའི་ཟླ་མཇུག་བར་དུ། རྫོང་ཡོངས་ཀྱི་ཞང་གྲོང་སོ་སོ་དང་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པའི་ཁྲོད་དུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་སྤེལ་རྒྱུ་ཡིན་ལ། བྱ་འགུལ་དེ་གོ་རིམ་གསུམ་དུ་བགོས་ཡོད་དེ།
གོ་རིམ་དང་པོ། སློབ་སྦྱོང་དང་སློབ་གསོ།བསམ་འཆར་ལ་ཉན་པ། (ཟླ2པ་ནས་ཟླ3པ)དེའི་སྐབས་སུ་གཙོ་བོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས། ཕུལ་བྱུང་སྲོལ་རྒྱུན་བཅས་དྲིལ་བསྒྲགས་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེང་གི་གསུང་བཤད་སྐོར་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུ་མ་ཟད་ཆེད་དོན་སློབ་གསོ་སྤེལ་རྒྱུ། རིམ་པ་མང་བོ་དང་ཕྱོགས་མང་པོ། རྣམ་པ་མང་པོའི་སྒོ་ནས་བསམ་འཆར་བསྡུ་ལེན་བྱེད་པ་དང་། ཕྱོགས་གཅིག་ནས་སློབ་སྦྱོང་དང་ཕྱོགས་གཅིག་ནས་བཅོས་སྒྱུར་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ།
གོ་རིམ་གཉིས་པ། གནད་དོན་འཚོལ་ཞིབ་བྱས་ཏེ་སྐྱོན་བརྗོད་བྱེད་པ།(ཟླ4པ་ནས6པ)མང་ཚོགས་ཀྱིས་གནད་དོན་འདོན་པ་དང་རང་ཉིད་ཀྱིས་འཚོལ་བ། ཐུན་མོང་གིས་གྲོས་བསྡུར་སོགས་ཀྱི་རྣམ་པ་སྤྱད་དེ། བྱ་སྤྱོད་བཞིའི(ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་ཀྱི་བྱ་སྤྱོད)ཐད་ཀྱི་གནད་དོན་བཙལ་ཏེ། སྙིང་གཏམ་གླེང་ཞིང་ཁ་བརྡ་བྱེད་པ་དང་། འགོ་ཁྲིད་ལས་བྱེད་ཀྱིས་རང་འགུལ་སྒོས་ཏང་ཡོན་དང་མང་ཚོགས་ཀྱི་གདན་ཞུས་ཁ་བརྡ་དང་ལེན་བྱེད་རྒྱུ་མ་ཟད། ཞིབ་བཤེར་རྒྱུ་ཆ་ནན་ཏན་གྱིས་ཞིབ་འབྲི་བྱེད་དགོས་ལ། ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལེགས་པོར་འཚོགས་ནས། སྐྱོན་བརྗོད་དང་རང་ཉིད་སྐྱོན་བརྗོད་ནན་ཏན་གྱིས་སྤེལ་ཞིང་། མི་འདང་སའི་སྐྱོན་གསལ་འདོན་བྱེད་པ་དང་གནས་ཚུལ་ངོ་མ་དང་དཀའ་ཁག་ཅན་སྒྲུབ་ཐུབ་དགོས། ཏང་ཡོན་གྱི་བྱ་བར་དམངས་གཙོས་གྲོས་བསྡུར་བྱེད་པ་དམ་འཛིན་བྱས་ཏེ། གནད་དོན་ལ་དམིགས་ནས་བཅོས་སྒྱུར་བྱ་ཐབས་དང་ཐབས་ལམ་འདོན་དགོས།
གོ་རིམ་གསུམ་པ། བཅོས་སྒྱུར་ལག་ལེན་བྱས་ཏེ། སྒྲིག་སྲོལ་ལམ་ལུགས་འཛུགས་པ།(ཟླ7པ་ནས9བ)བསྡུ་ལེན་བྱས་པའི་བསམ་འཆར་དང་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱིས་འཚོལ་ཞིབ་བྱས་པའི་གནད་དོན་ལ་དམིགས་ཏེ། བཅོས་སྒྱུར་འཆར་གཞི་གཏན་འཁེལ་བྱེད་པ་དང་། བཅོས་སྒྱུར་ནང་དོན་དང་སྣེ་ཁྲིད་ཀྱི་འགོ་བ།འགན་འཁུར་ལས་ཁུངས། ལེགས་འགྲུབ་དུས་ཡུན་བཅས་གསལ་བོར་གཏན་འཁེལ་བྱེད་པ་མ་ཟད། བཅོས་སྒྱུར་ལག་ལེན་དམ་འཛིན་བྱེད་པ་དང་། བཅོས་སྒྱུར་ཡོངས་བསྒྲགས་བྱས་ནས། མང་ཚོགས་ལ་བཅོས་སྒྱུར་ཁས་ལེན་བྱེད་དགོས། སྡེ་བ(ཧྲེ་ཁུལ)རིམ་པས་གནད་དོན་གསལ་འདོན་གོ་རིམ་སྒྲིག་ནས་བཅོས་སྒྱུར་བྱ་ཐབས་གསལ་བོ་གཏན་འཁེལ་བྱེད་རྒྱུ་མ་ཟད། དོན་དངོས་ལ་ཟུང་འབྲེལ་བྱས་ནས་ལམ་ལུགས་སྒྲིག་གཞི་ཆ་ཚང་འཛུགས་སྐྲུན་བྱེད་དགོས་ལ། བྱ་བའི་སྤྱོད་ལམ་བཅོས་སྒྱུར་རྒྱུན་ལྡན་ཅན་དང་རྒྱུན་ཕན་ཅན་སྐུལ་འདེད་བྱེད་དགོས། བཅོས་སྒྱུར་བྱ་བའི་དུས་རིམ་གཅིག་སྒྲུབ་རྗེས། ཞང་གྲོང་དང་ལས་ཁུངས་སོ་སོས་དམངས་གཙོ་ཚད་ལེན་དཔྱད་འཇོག་དང་དམངས་ཀྱི་བསམ་ཚུལ་བརྟག་དཔྱད་སོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་དམངས་གཙོ་གྲོས་བསྡུར་བྱེད་དགོས།
སློབ་གསོ་ལག་ལེན་བྱ་འགུལ་གྱིས་ལས་བྱེད་པའི་སྤྱོད་ངན་བཞིའི་ཐད་ཀྱི་ཕུགས་བསམ་འདུ་ཤེས་གཡོ་འགུལ་དང་ཡིན་མིན་དོན་ཆེན་ལ་འཕྲད་ཚེ་ཕུགས་བསམ་བརྟན་པོ་མིན་ལ། དོན་དངོས་དང་བྲལ་ཞིང་གསར་གཏོད་ཀྱི་སྙིང་སྟོབས་ཞན་པ། སྐྱིད་འདོད་རིང་ལུགས་ཚབས་ཆེན་ཡིན་ཞིང་འགལ་བར་འཕྲད་ཚེ་གནས་ཚུལ་ངོ་མ་དང་དཀའ་ཁག་སྒྲུབ་མི་ཕོད་པ། བྱ་བ་སྒྲུབ་པ་སྒྱིད་ལུག་དང་རྣམ་གཡེང་གི་བྱ་སྤྱོད་ལྡན་པ། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་སྐུལ་སློང་ནུས་པ་ཞན་པ། རྗེས་གྲབས་ལས་བྱེད་དཔུང་ཁག་ཞན་པ་སོགས་གནད་དོན་ཐག་གཅོད་བྱས་པ་འབུར་དུ་ཐོན་དགོས་ཤིང་། མང་ཚོགས་ཀྱིས་བསམ་འཆར་བཏོན་པ་ཆེས་མང་བའི་སློབ་གསོ་དང་སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན་སྨན་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད་སོགས་གཞི་རྩའི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་པ་དང་། མང་ཚོགས་ཀྱིས་བསམ་འཆར་བཏོན་པ་ཆེས་མང་བའི་རྩ་འཛུགས་སྒྲིག་ལམ་ལྷོད་གཡེང་ཡིན་ཞིང་གཞུང་སྒོར་གྱིས་རྒྱས་ཟ་རྒྱས་འཐུང་བྱེད་པ། ཞབས་འདེགས་སྡེ་ཁག་གི་སྒོར་འཛུལ་མི་ཐུབ་ཅིང་ངོར་བལྟ་མི་ཐུབ་ལ། བྱ་བ་སྒྲུབ་དཀའ་ཞིང་། ཟ་འཁྱེར་དང་འགོག་སློང་སོགས་དྲང་བདེན་མ་ཡིན་པའི་བྱ་སྤྱོད་ཐག་གཅོད་བྱེད་དགོས། རང་ཞང་གྲོང་དང་རང་ལས་ཁུངས། སྡེ་བ(ཧྲེ་ཁུལ)བཅས་ཀྱི་རང་སྟེང་དུ་གནས་བའི་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། མི་དམངས་མང་ཚོགས་ཀྱི་ཞབས་ཞུ་སོགས་ཐད་ཀྱི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་དགོས།
སློབ་གསོ་ལག་ལེན་བྱ་འགུལ་བརྒྱུད་དེ་ལས་བྱེད་ཀྱི་བྱ་སྤྱོད་ལ་སྔར་ལས་བཅོས་སྒྱུར་ཡོད་དགོས་ཤིང་། དམངས་ཆེད་དངོས་དོན་སྒྲུབ་ཅིང་དྭངས་གཙང་གི་རྣམ་པ་སྔར་ལས་ལེགས་པོ་འཛུགས་པ་དང་། ཏང་དང་མང་ཚོགས་ཀྱི་འབྲེལ་བ་སྔར་ལས་དམ་ཟབ་བྱེད་པ། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་ལས་སྲ་བརྟན་བྱེད་པ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ། གཙོ་གནད་བྱ་བའི་འོས་འགན་སྣ་ཚོགས་སྔར་ལས་དོན་འཁྱོལ་བྱེད་པའི་རེ་བ་བཏོན་པ་ཡིན།
ཡིག་སྒྱུར་བ། ཆོས་ལོ།
|