ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> ཏང་གི་མང་ཚོགས་ལམ་ཕྱོགས།
༄༅།།རྫོང་དམངས་ཆེན་འགོ་ཁྲིད་གཞི་རིམ་དུ་སོང་ནས་དཀའ་ཁག་ཡོད་པའི་དམངས་ཆེན་འཐུས་མི་དང་ཏང་ཡོན།མང་ཚོགས་བཅས་ལ་འཚམས་འདྲི་བྱས་པ།
འབྱུང་ཁུངས།: 2014/1/24 10:36:28

༄༅།།རྫོང་དམངས་ཆེན་འགོ་ཁྲིད་གཞི་རིམ་དུ་སོང་ནས་དཀའ་ཁག་ཡོད་པའི་དམངས་ཆེན་འཐུས་མི་དང་ཏང་ཡོན།མང་ཚོགས་བཅས་ལ་འཚམས་འདྲི་བྱས་པ།

   ཏང་རྩ་འཛུགས་ཀྱིས་དཀའ་ཁག་ཡོད་པའི་དམངས་ཆེན་འཐུས་མི་དང་ཏང་ཡོན།  འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་བཅས་ལ་ཐུགས་ཁུར་དང་བདག་སྐྱོང་བྱེད་པའི་ཆེད་དུ།  བཅུ་གཅིག་རྒྱལ་སྟོན་དུས་ཆེན་གྱི་རྗེས་སུ་རྫོང་དམངས་ཆེན་གྱི་ཡང་བསྐྱར་མི་སྣ་རྩ་འཛུགས་བྱས་ཏེ།  འཚོ་བར་དཀའ་ཁག་ཡོད་པའི་དམངས་ཆེན་འཐུས་མི་དང་ཏང་ཡོན།  མང་ཚོགས་བཅས་ལ་ཏང་རྩ་འཛུགས་ཀྱིས་དྲོད་ཁོལ་སྦྱིན་ཞིང་།  ཁོ་ཚོར་དགའ་སྤྲོ་དང་བདེ་སྐྱིད་ལྡན་པའི་ལོ་གསར་ཞིག་རོལ་བར་བྱས།  རྫོང་དམངས་ཆེན་ཀྲུའུ་རིན་གཞོན་པ་སྟག་ལྷར་རྫོང་དམངས་ཆེན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཚེ་ལོ་ཡིས་ཕེབས་རོགས་བྱས་ཏེ།  ཞང་གྲོང་སྐོར་ཞིག་ཏུ་སོང་ནས་འཚོ་བར་དཀའ་ཁག་ཡོད་པའི་དམངས་ཆེན་འཐུས་མི་དང་ཏང་ཡོན།  མང་ཚོགས་བཅས་ཁྱིམ་ཚང༢༤ལ་འཚམས་འདྲི་བྱས་ཤིང་།  དཀའ་ཁག་ཡོད་པའི་ཁྱིམ་ཚང་རེ་རེར་དུས་ཆེན་གྱི་འཚམས་འདྲི་དངུལ་སྒོར་དང་ལེགས་སྐྱེས་བྱིན་པ་མ་ཟད།  ཁོ་ཚོའི་བསམ་བློ་དང་བྱ་བ།འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ།ཁོ་ཚོ་དབུལ་ཐར་ཕྱུག་འགྱུར་བྱེད་པར་ཐབས་ཇུས་བཏོན་པ་རེད། 

 ཡིག་སྒྱུར་བ། ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།