ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> ཏང་གི་མང་ཚོགས་ལམ་ཕྱོགས།
༄༅།།པདྨ་རྫོང་ནོར་སྲིད་ཅུས་ཀྱིས་ཏ​ང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ།  བྱ་བ་སྣ་ཚོགས་ལ་སྐུལ་འདེད་བརྟན་པོ་བྱས་པ།
འབྱུང་ཁུངས།: 2013/8/22 15:03:49
༄༅།།པདྨ་རྫོང་ནོར་སྲིད་ཅུས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ།  བྱ་བ་སྣ་ཚོགས་ལ་སྐུལ་འདེད་བརྟན་པོ་བྱས་པ།
      ཟླ8པའི་ཚེས 14ཉིན།  རྫོང་ནོར་སྲིད་ཅུས་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལས་བྱེད་པ་ཡོངས་ལ་རྩ་འཛུགས་བྱས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་འབྲེལ་ཡོད་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཤིང་།  བྱ་བ་དངོས་ལ་ཟུང་འབྲེལ་བྱས་ནས་གྲོས་མོལ་གཏིང་ཟབ་བྱས། 

   གྲོས་ཚོགས་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་རྒྱལ་ཡོངས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མུ་མཐུད་སློབ་གསོ་ལག་ལེན་བྱ་འགུལ་ལ་ངོས་གཏིང་ཟབ་བྱེད་པའི་གསུང་བཤད་ཀྱི་དགོངས་དོན།  མི་དམངས་ཉིན་རེའི་ཚགས་པར་སྟེང་གི་སྤྱི་ཚོགས་བགྲོ་གླེང་ཡིག་ཆ་བཅས་ལ་སློབ་སྦྱོང་ནན་ཏན་བྱས་ཤིང་།  སློབ་སྦྱོང་དང་བགྲོ་གླེང་བྱས་པ་བརྒྱུད་ནས་ཚང་མའི་བསམ་ཚུལ་ལ།  ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་དགོངས་དོན་ལ་སློབ་སྦྱོང་དང་ངོས་ཟིན་ཟབ་མོ་བྱེད་པ་དང་།  ཚད་མཐོན་པོའི་ཆབ་སྲིད་ཀྱི་འགན་འཁུར་དང་རྣམ་འགྱུར་ལེགས་པོ།  ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་བཟུང་ནས་བྱ་བའི་ཁྲོད་ཞུགས་དགོས་ལ།  དོན་དངོས་ནས་མགོ་བརྩམས་པ་རྒྱུན་འཁྱོངས་བྱས་ཏེ།རང་སོ་སོའི་བྱ་བའི་ལས་གནས་འགན་འཁུར་གྱི་གནས་ཚུལ་ལ་ཟུང་འབྲེལ་སྒོས་སྐྱོན་བརྗོད་དང་རང་ཉིད་སྐྱོན་བརྗོད་བྱེད་པ་དང་།  རང་སོ་སོས་ཐག་གཅོད་བྱེད་འོས་པའི་འབུར་ཐོན་གནད་དོན་བཙལ་ཏེ།  དོན་དངོས་དང་མཐུན་པའི་བྱ་ཐབས་བཏོན་ནས་བཅོས་སྒྱུར་བྱེད་དགོས།

 ཡིག་སྒྱུར་བ། ཆོས་ལོ།

 
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། རྒྱལ་ཡོངས་སྲིད་གྲོས་སྐབས་ 2019/3/18
· ༄༅།། རྒྱལ་ཡོངས་སྲིད་གྲོས་སྐབས་ 2019/3/18
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། མགོ་ལོག་ཁུལ་གྱིས་ནུས་ཤུགས 2019/3/4

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།