ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> ཏང་གི་མང་ཚོགས་ལམ་ཕྱོགས།
༄༅།།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ཁོངས་གཏོགས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུས་པ། 
འབྱུང་ཁུངས།: 2013/8/20 9:01:11
༄༅།།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ཁོངས་གཏོགས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུས་པ། 
   ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ཁོངས་གཏོགས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུས།

   ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ། སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཀྲང་ཝེ་ཡིས་ཁ་ཡིག་ལ་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱོད་ངན་བཞིར་རྦད་ཆོད་སྒོས་ངོ་རྒོལ་བྱེད་དགོས་ཞེས་པའི་སྙན་ཞུ་ཕུལ། ཚོགས་འདུ་གྲོལ་རྗེས། ཚོགས་ཞུགས་མི་སྣ་ཚོས་སྙན་ཞུར་ཉན་རྗེས་ང་ཚོས་སྤྱོད་ངན་བཞིར་རྦད་ཆོད་སྒོས་ངོ་རྒོལ་བྱེད་པའི་གལ་ཆེན་རང་བཞིན་དང་ཏང་གི་མང་ཚོགས་ལམ་ཕྱོགས་སྤེལ་བའི་དགོས་ངེས་རང་བཞིན་ལ་གོ་བ་ཟབ་མོ་བླངས། ད་ལྟ་མཚོ་སྔོན་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་ཀྱི་རྣམ་པ་མྱུར་དུ་བསྒྱུར་བའི་གནད་འགག་གི་དུས་སུ་བསླེབས་ཡོད་པས། ཡར་རྒྱས་བརྩོན་ལེན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་དེས་མཚོ་སྔོན་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་གྱི་ནུས་པ་འདོན་ཐུབ། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཕྱིན་ཆད་རང་དཔེ་གཞན་སྟོན་བྱེད་པ་དང་བྱ་བ་བཟང་བོར་བསྒྲུབས་ཏེ། སྤྱོད་ངན་བཞིར་ངོ་རྒོལ་དང་བཀག་འགོག་བྱེད་པའི་ཁྲོད་དཔེ་སྟོན་གྱི་ནུས་པ་སྟོན་རྒྱུའི་ཚུལ་བསྟན།

 ཡིག་སྒྱུར་བ། ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།