༄༅།།མདོ་གོང་མ་ཞང་ནས་སྨར་ཁོག་བར་གྱི་གཞུང་ལམ་བཀག་ནས་ཨར་ལས་བྱེད་པའི་སྐོར་གྱི་བརྡ་སྦྱོར།
རྫོང་ཡོངས་ཀྱི་སྲིད་འཛིན་དང་ཁེ་ལས། ལས་དོན་ལས་ཁུངས་སམ་ལམ་འདིར་བརྒྱུད་པའི་ཞང་སྲིད་གཞུང་སོ་སོ།
རང་རྫོང་གི་མདོ་སྟག་གཞུང་ལམ་ཉེ་ཆར་ཨར་ལས་བྱེད་དགོས་པ་དང་ཨར་ལས་སྡེ་ཁག་གི་གཏན་ཕབ་ལྟར། ལམ་བཀག་ནས་ཨར་ལས་བྱེད་རྒྱུ་ཡིན་ལ། བཀག་སྡོམ་ཨར་ལས་བྱེད་པའི་སྐབས་སུ། རླངས་འཁོར་ཡོད་ཚད་མདོ་སྟག་གཞུང་ལམ་ནས་འགྲོ་རྒྱུགས་བྱེད་པ་བཀག་འགོག་བྱེད་རྒྱུ་མ་ཟད། སྟག་མཁར་དང་གྱི་མཁར་ལ་འགྲོ་དགོས་པའི་རླངས་འཁོར་འབོ་སྤ་ནས་གྲུབ་ཆེན་དང་གྲུབ་ཆེན་ནས་གྱི་མཁར་གྱི་གཞུང་ལམ་བསྐོར་ནས་འགྲོ་དགོས་ཤིང་། སྨར་ཁོག་ཞང་ལ་འགྲོ་མཁན་རྣམས་ཀྱང་གླིང་འབུད་དགོན་ནས་སྨར་ཁོག་གི་གཞུང་ལམ་བསྐོར་ནས་འགྲོ་དགོས། 2013ལོའི་ཟླ8ཚེས་6ཉིན་མགོ་བཟུང་རྒྱུ་ཡིན་ལ། མཚམས་འཇོག་དུས་ཚོད་གཞན་དུ་བརྡ་སྦྱོར་བྱེད་རྒྱུ།
ཆེད་དུ་བརྡ་སྦྱོར་བྱས་པ་ཡིན།
པདྨ་རྫོང་སྤྱི་བདེ་ཅུས། པདྨ་རྫོང་འགྲིམ་འགྲུལ་དང་སྡོད་ཁང་གྲོང་ཞང་འཛུགས་སྐྲུན་ཅུས།
2013ལོའི་ཟླ8པའི་ཚེས5ཉིན།
ཡིག་སྒྱུར་བ། ཆོས་ལོ།
|