ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> འགོ་ཁྲིད་ཀྱི་གསུང་བཤད།
༄༅།།ཐོན་ཁུངས་ཀྱི་གནས་བབ་ལེགས་པོར་བརྟེན་ནས་ཁ་ཏོག་གསུམ་ལྡན་གྱི་པདྨ་འཛུགས་བསྐྲུན་བྱེད་པར་སྐུལ་འདེད་བྱེད་པ་དང་།
འབྱུང་ཁུངས།: 2013/7/8 10:24:03
 

༄༅།།ཐོན་ཁུངས་ཀྱི་གནས་བབ་ལེགས་པོར་བརྟེན་ནས་ཁ་ཏོག་གསུམ་ལྡན་གྱི་པདྨ་འཛུགས་བསྐྲུན་བྱེད་པར་སྐུལ་འདེད་བྱེད་པ་དང་།

མཐོ་སྒང་གི་གྲགས་རྒྱ་ཆེ་བའི་ཡུལ་སྐོར་རྫོང་འཛུགས་པར་འབད་པ་བྱེད་དགོས།

པདྨ་རྫོང་མི་དམངས་སྲིད་གཞུང་།  ཤ་བོ་སྐྱབས།

ཉེ་བའི་ལོ་འགའི་རིང་དུ།པདྨ་རྫོང་གིས་རིག་གནས་གསོན་ཤུགས་རྒྱས་བའི་རྫོང་དང་ཡུལ་སྐོར་དར་རྒྱས་ཀྱི་རྫོང་གི་འཐབ་ཕྱོགས་འདུ་ཤེས་བརྟན་པོར་བཅིངས་ཏེ།རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་ཚད་མཐོན་པོས་མཐོང་ཆེན་བྱས་པར་བརྟེན་ནས་ལས་ཞུགས་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས་བྱེད་པ་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཤིང་།མངའ་ཁོངས་ཀྱི་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་ཐོན་ཁུངས་ལ་བརྟེན་པ་དང་།གཟི་ཚ་སྡེ་དགུ་ཆེན་པོའི་ཡུལ་སྐོར་དང་གཙང་གསུམ་འབྱུང་ཡུལ་གྱི་ལྷོ་ཁུལ་ཆུང་བའི་མཚན་སྙན་ལ་དམིགས་ཏེ།ཁ་ཏོག་གསུམ་ལྡན་གྱི་པདྨ་འཛུགས་བསྐྲུན་བྱེད་པར་སྐུལ་འདེད་ཆེན་པོ་བྱས་པ་རེད།

པདྨ་རྫོང་ལ་གཙང་གསུམ་འབྱུང་ཡུལ་གྱི་ལྷོ་ཁུལ་ཆུང་བའི་མཚན་སྙན་ལྡན་ཞིང་།མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་ཆགས་པ་དང་།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ལ།ཤར་ལྷོ་རུ་སི་ཁྲོན་ཞིང་ཆེན་གྱི་འཛམ་ཐང་རྫོང་དང་རྔ་བ་རྫོང་།གསེར་རྟ་རྫོང་བཅས་ལ་འབྲེལ་བ་དང་།ཤར་བྱང་དུ་རང་རེའི་ཁུལ་གྱི་གཅིག་སྒྲིལ་རྫོང་དང་ཁྱིམ་མཚེས་ཡིན་ཞིང་།ནུབ་བྱང་དུ་རང་རེའི་ཁུལ་གྱི་དར་ལག་རྫོང་དང་འབྲེལ་ཡོད།རྫོང་ཧྲིལ་བོའི་སྤྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ 6138.6 6ཡོད་པ་དང་།ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི8.0 3%ཟིན་ཡོད་ཅིང་།མཚོ་ངོས་ལས་ཆེས་མཐོ་སར་རྨིད 5047ཡོད་པ་དང་ཆ་སྙོམས་མཚོ་ངོས་ཀྱི་མཐོ་ཚད་རྨིད 4000ཡན་ལ་སླེབས།ལོ་ཧྲིལ་བོའི་ཆ་སྙོམས་དྲོད་ཚད་ཏུའུ2.4 ཡིན་ཞིང་།སད་མེད་པའི་དུས་ཚིགས་ཤིག་མེད་པས།མཐོ་སྒང་སྐམ་ས་རང་བཞིན་གྱི་གནམ་གཤིས་ཀྱི་ཁོངས་སུ་གཏོགས་ལ།ལོ་ཧྲིལ་བོའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧོ་རྨིད 638.4 དང་།རླངས་འགྱུར་གྱི་ཚད་ནི་ཧོ་རྨིད 1281ཡིན་ཞིང་།ལོ་ཧྲིལ་བོར་ཉི་མ་ཤར་བའི་དུས་ཚོད་ནི 2520ནས 2790བར་ཡིན།ད་ལྟ་མངའ་ཁོངས་སུ་ཞང8དང་གྲོང་རྡལ་གཅིགསྡེའབྲོགཨུ་ཁང་སོ་གཉིས་དང་སྤྱི་ཁུལ་གཉིས།ཞིང་ཕྱུགསལས་ཐོན་སྐྱེད་མཉམ་ལས་ཧྲེ་བརྒྱ་དང་བཅུ་གསུམ་ཡོད། 

གཅིགཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ལྗང་མདོག་གི་པདྨ་འཛུགས་བསྐྲུན་བྱེད་པ། 

པདྨ་རྫོང་གི་ཐུན་མོང་མ་ཡིན་པའི་ས་ཁམས་གནས་བབ་ཀྱིས་མཛེས་སྡུག་མཚར་སྣང་གི་རང་བྱུང་ཁོར་ཡུག་ཅིག་གྲུབ་ཡོད་དེ།ནམ་མཁའི་སྤྲིན་རིམ་རྟོལ་བའི་བྲག་རི་གཟར་བོ་ཡོད་ལ།གནམ་ས་ཡོངས་སུ་སྒྲིབ་པའི་གདོད་མའི་ནགས་ཚལ་དང་ལྷུང་ལྷུང་དུ་འབད་པའི་གཙང་ཆབ་ཀྱི་མགོ་ཁུངས་དང་ཆུ་ཕྲན་མོད་པས།མངའ་ཁོངས་སུ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད།དེ་གཙོ་བོ་རིགས་བཞི་རུ་བགར་ཆོག་སྟེ།གཅིག་ནི་ཆུ་ནུས་ཐོན་ཁུངས།རྫོང་ཁོངས་སུ་སྨར་ཁོག་གཙང་བོ་དང་རྡོ་ཁོག་གཙང་བོ་མིང་སྲིང་གཉིས་ནི་རྫོང་ཧྲིལ་བོར་ཁྱབ་པ་དང་།འབྲི་ཆུའི་སྟོད་རྒྱུད་རྒྱལ་མོ་རྔུལ་ཆུའི་ཡན་ལག་ཆུ་བོ་ཡིན་ཞིང་།སྨར་ཁོག་གཙང་བོ་རྫོང་ཁོངས་སུ་བཞུར་བའི་རིང་ཚད་ལ་སྤྱི་ལེ 114.8 ཡོད་པ་དང་།བཞུར་ཡུལ་གྱི་རྒྱ་ཁྱོན་རྨིད་གྲུ་བཞི་མ 3031.3 ཡོད་ལ།ལོ་ཧྲིལ་བོའི་བཞུར་ཚད་རྨིད་གྲུ་བཞི་ལྷམ་པ་དུང་ཕྱུར 21.4 3ཡིན།རྡོ་ཁོག་གཙང་བོ་རྫོང་ཁོངས་སུ་བཞུར་བའི་རིང་ཚད་ལ་སྤྱི་ལེ 145.3 ཡོད་པ་དང་།བཞུར་ཡུལ་གྱི་རྒྱ་ཁྱོན་རྨིད་གྲུ་བཞི་མ 2304.4 ཡོད་ལ།ལོ་ཧྲིལ་བོའི་བཞུར་ཚད་རྨིད་གྲུ་བཞི་ལྷམ་པ་དུང་ཕྱུར8.9 3ཡིན།གཉིས་ནི་ཞིང་ནགས་ཕྱུགས་གསུམ་གྱི་ཐོན་ཁུངས།པདྨ་རྫོང་གི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་སྨར་ཁོག་གཙང་བོའི་གདོད་མའི་ནགས་ཚལ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེས་ཆེ་བའི་ནགས་ཚལ་སྤྱི་ཆིང་ཁྲི 10.16དང་རྒྱལ་ཡོངས་ཀྱི་མཚོ་ངོས་ལས་ཆེས་མཐོ་བའི་རང་བྱུང་གདོད་མའི་ནགས་ཁུལ་ཡིན་ཞིང་།རྒྱལ་ཡོངས་ཀྱི་གཙོ་གནད་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་དང་འབྲི་ཆུའི་ཆུ་རྒྱུད་ཀྱི་ཆུ་ཁུངས་སྲུང་འཛིན་ནགས་ཁུལ་ཡང་ཡིན་པས།གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཀྱིལ་སྙིང་དུ་བཞག་ཡོད་ལ།ས་གཤིས་དང་གནམ་གཤིས་རྒྱུ་རྐྱེན་གྱི་དབང་གིས་ནགས་ཚལ་ཁྲོད་དུ་སྐྱེ་དངོས་སྣ་ཚོགས་ཕུན་སུམ་ཚོགས་པ་ཡོད་པ་དང་།རང་རྒྱལ་མཐོ་གྲང་ནགས་ཁུལ་གྱི་སྐྱེ་དངོས་ཀྱི་མཛོད་ལྟ་བུའི་གལ་ཆེན་ཞིག་ཀྱང་ཡིན།མིག་སྔར་ནགས་ཁུལ་དུ་སྐྱེ་དངོས་ཚན་ཁག 67དང་ཁོངས་གཏོགས 220།རིགས 466ཡོད་ཅིང་།ཚང་ཚིང་དུ་སྐྱེས་བའི་གདོད་མའི་ནགས་ཚལ་དང་ཕུན་སུམ་ཚོགས་པའི་སྲོག་ཆགས་དང་སྐྱེ་དངོསཐོན་ཁུངས་མོད་པས།འདི་ནི་སྐྱེ་དངོས་རིག་པ་བ་དང་སྐྱེ་ཁམས་རིག་པ་བས་ཞིབ་འཇུག་བྱེད་སའི་གནས་མཆོག་ཅིག་ཡིན་ལ།མཁའ་དབུགས་དྲོད་འཇམ་ཡིན་ཞིང་།རྫོང་ཁོངས་སུ་ཞིང་ལས་ས་ཁུལ་ཉུང་ཙམ་ཡོད་པ་དེ་རུ་གཙོ་བོར་ནས་དང་སྲན་མ།ཞོག་ཁོགསྐེ་ཚེ།ཚོད་དཀར།ལ་ཕུག་སོགས་འདེབས་བཞིན་ཡོད་པས།མགོ་ལོག་ཁུལ་གྱི་ཆུ་འགྲམ་ཞིང་ལས་ས་ཁུལ་དང་ཞིང་ཕྱུགས་བསྲེས་མའི་ས་ཁུལ་གཙོ་བོ་ཞིག་ཡིན།གསུམ་ནི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས།རྫོང་ཁོངས་སུ་རི་སྐྱེས་སྲོག་ཆགས་རིགས་མང་པོ་ཡོད་དེ།བྱ་ཝང་སྔོན་པོ་དང་གསའ་གཟིགདྲེད་མོང་།ཆུ་སྲམ།གོང་མོ།གཡི།ཝ།ངང་ཁྲ།སྤྱང་ཀིཤྭ་བ་སེར་ཆེན།ཤྭ་བ་མཆུ་དཀར།སྤྲེའུ།འཕྱི་བ་སོགས་ཡོད་པ་དང་།དེའི་ཁྲོད་དུ་རྒྱལ་ཁབ་ཀྱིས་རིམ་པ་དང་པོར་སྲུང་སྐྱོབ་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་ནི་ཤྭ་བ་མཆུ་དཀར་དང་གཟིག་ཁྲ།གསའ་གཟིགདེ་ཕོ།གླག་སྐེ་སེར་སོགས་རིགས་བཅུ་གཉིས་ཡོད་ལ།རིམ་པ་གཉིས་པར་སྲུང་སྐྱོབ་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་རིགས་སོ་གསུམ་དང་ཞིང་ཆེན་རིམ་པས་སྲུང་སྐྱོབ་བྱེད་བཞིན་པའི་སྲོག་ཆགས་རིགས་བཅུ་ལྷག་ཡོད།རྒྱལ་ཁབ་ཀྱི་རྩ་ཆེན་ཉ་རིགས་ཁྲོན་ཧྲན་ཀྲིག་ལོ་ཀོསཞུམ་བུའི་གཟན་ཉ་ཡང་ཟེརནི་པདྨ་རྫོང་སྨར་ཁོག་གཙང་བོའི་འབབ་ཡུལ་དུ་ཡོད་པ་དང་།དེ་ནི་ས་གཞི་ཆགས་རིམ་བཞི་བའི་འཁྱག་དར་དུས་སྐབས་ནས་བྱུང་བའི་ཆུ་སྐྱེས་སྲོག་ཆགས་ཡིན་པས།རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་དང་ཀྲུང་གོའི་འཇིགས་ཉེན་ཆེ་བའི་སྲོག་ཆགས་དཔེ་ཐུམ་དམར་པོའི་ཁྲོད་བཞག་ཡོད།བཞི་ནི་ཀྲུང་བོད་སྨན་རྩའི་ཐོན་ཁུངས།སྨན་རྩའི་རིགས་གཙོ་བོ་ལྕུམ་རྩྭ་དང་སྲད་དཀར།མེ་ཏོག་གངས་ལྷ།སྙི་བཔེ་མུའུ།ཤིས་ཐང་།སྤྲུ་ནགདབྱར་རྩྭ་དགུན་འབུ།སྲོ་ལོ་དམར་པོ་སོགས་རིགས་བཞི་བརྒྱ་ལྷག་ཡོད་ལ།དེའི་ཁྲོད་དུ་ལྕུམ་རྩྭའི་སྤྱིའི་གསོག་ཚད་ཏུན་སྟོང་གསུམ་ཡིན།དེ་བས་སྐྱེ་དངོས་རིག་པ་བ་དང་སྐྱེ་ཁམས་རིག་པ་བས་ཚན་རིག་ཞིབ་འཇུག་བྱེད་ས་དང་།རི་སྐྱེས་སྲོག་ཆགས་ལ་ཞིབ་འཇུག་བྱེད་སའི་གནས་མཆོག་ཅིག་ཡིན་པས།ལོ་རེར་ཕྱི་རྒྱལ་དང་ཞང་ཀང་།ཨོ་མིན་ས་ཁུལ་གྱི་མི་མང་པོ་ས་འདིར་ཡོང་ནས་དངོས་རིགས་ལྟ་ཞིབ་དང་བྱ་རིགས་པར་ལེན་བྱེད་བཞིན་ཡོད།

འཕེལ་རྒྱས་ཀྱི་ཐབས་ལམ།པདྨ་རྫོང་གིས་མངའ་ཁོངས་ཀྱི་ཐོན་ཁུངས་གནས་བབ་ལེགས་པོ་བེད་སྤྱོད་བྱས་ཏེ་ཆུ་གློག་ས་ཚིགས་འཛུགས་བསྐྲུན་བྱས་པ་མ་ཟད།འོས་འཚམས་ཀྱི་ཆུ་རྒྱུད་དུ་ཆུ་ཁར་གཡང་ནས་འགྲོ་བའི་འགུལ་བསྐྱོད་སྤེལ་བ་དང་།ལུག་གྲོད་ཤ་མོ་དང་བོད་ཇ་སོགས་ནགས་འོག་ཐོན་ལས་དཔལ་འབྱོར་རྒྱ་ཆེར་འཕེལ་རྒྱས་བྱེད་པ།མང་ཚོགས་ལ་སྐུལ་སློང་བྱས་ནས་སྤྲོ་སྐྱིད་བོད་ཁྱིམ་དང་སྤྲོ་སྐྱིད་འབྲོག་ཁྱིམ།ཁྱིམ་གཉེར་མགྲོན་ཁང་སོགས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་བྱས་ཏེ་མང་ཚོགས་ཀྱི་ཡོང་སྒོ་མཐོར་འདེགས་བྱེད་རྒྱུ།

གཉིས།དམར་དམག་རྒྱང་བསྐྱོད་པདྨར་བརྒྱུད་མྱོང་བའི་ལོ་རྒྱུས་ལ་བརྟེན་ནས་དམར་མདོག་པདྨ་འཛུགས་བསྐྲུན་བྱེད་པ།

1636ལོའི་ཟླ6པའི་མཇུག་ཏུ།དཀར་མཛེས་གྲོས་ཚོགས་མཇུག་རྫོགས་རྗེས་དམར་དམག་ཤོག་ཁག་གཉིས་པ་དང་བཞི་བ་དཀར་མཛེས་བརྒྱུད་དེ་བྱང་ཕྱོགས་རྔ་བ་ས་ཁུལ་དུ་མདུན་བསྐྱོད་བྱས་ཤིང་། ཟླ7པའི་ཚེས5ཉིན།ཏང་ཀྲུང་དབྱང་གི་བཀའ་ལྟར་དམར་དམག་དཔུང་ཁག་གཉིས་པ་དང་དྲུག་པ།དམག་ཨང་སོ་གཉིས་པ་བཅས་རུ་ཁག་གསུམ་སོ་སོར་དཀར་མཛེས་དང་བྲག་མགོཆུ་ཆེན་རྫོང་སོགས་སུ་བྱང་སྐྱོད་བྱས་ཤིང་།ལིས་ཞཱན་ཉན་སྲིད་ཨུས་མགོ་ཁྲིད་བྱས་པའི་ཅིན་སུམ་ཅུའི་ཧྲི་ཁག་གྱ་དགུ་དང་རྟ་དམག་ཧྲི་ཁགདམར་དམག་སྤྱིའི་བཀོད་འདོམས་ཅུས་ལྔ་བ་སྔོན་སྤོར་རུ་ཁག་བྱས་ཏེ།དཀར་མཛེས་ནས་ཆས་ཤིང་རུ་ཁག་གི་རྒྱབ་ཕྱོགས་དཔུང་ཁག་སྟེ་འབྲུ་རིགས་དང་གཞུང་ལམ་ཞིབ་རྟོག་བྱས་ལ།དཀའ་སྤྱད་ཀྱིས་དམག་བསྐྱོད་བརྒྱུད་ནས་ཟླ7པའི་ཚེས 12ཉིན་སི་ཁྲོན་གསེར་རྟའི་ཕྱོགས་ནས་མཚོ་སྔོན་ཞིང་ཆེན་པདྨ་རྫོང་འཛུ་མདའ་རུ་སླེབས།ཉིན་དེར་དམར་དམག་ཤོག་ཁག་གཉིས་པའི་ཅིན་དྲུག་པ་དང་ཅིན་སོ་གཉིས་པ་ཐང་ཡག་བརྒྱུད་དེ་ཤུག་འབྱུང་དགོན་པ་དང་གཡུ་ཐོག་དགོན་པར་སླེབས་པ་དང་།སྨར་ཁོག་གཙང་བོ་བརྒལ་ཏེ་པན་ཆེན་དང་ཡར་ཐང་དགོན་པ།མཛོ་མོ་ལུང་བ་སོགས་སུ་སླེབས་ཤིང་། ཟླ7པའི་ཚེས 22ཉིན་རྔ་བར་སླེབས།དམར་དམག་ཤོག་ཁག་གཉིས་པའི་སྤྱིའི་བཀོད་འདོམ་པུའུ་ཡིས་ཅིན་གཉིས་པར་མགོ་ཁྲིད་བྱས་ཏེ་ཅིན་དྲུག་པའི་རྗེས་བསྙེག་ཅིང་། ཟླ7པའི་ཚེས 22ཉིན་པན་ཆེན་ལ་ཐོན་པ་མ་ཟད།ཚེས 26ཉིན་རྔ་བར་སླེབས་ཏེ་ཅིན་དྲུག་པ་དང་ཅིན་སོ་གཉིས་པ་དང་མཉམ་འཛོམས་བྱས།དམར་དམག་ཤོག་ཁག་གཉིས་པ་དང་བཞི་བའི་དམག་དཔུང་གི་མི 25000འཛུ་མདའ་རུ་ངལ་གསོ་དག་ཐེར་བྱས་ཤིང་།སྐབས་དེར་པདྨ་ས་ཁུལ་དུ་ཉིན 20ནས 22རིང་ལ་འགུལ་བསྐྱོད་བྱས། 

དམར་དམག་སྡེ་བ་བརྒྱུད་ནས་འགྲོ་སྐབས་ངལ་གསོ་དང་འབྲུ་རིགས་བསྡུ་གསོགསོ་ལྟ་བྱེད་ས་ལས་བ།སྦྱར་ཡིག་སྦྱོར་བ།བསྒྲགས་ཡིག་སྟེར་བ་བཅས་གསར་བརྗེའི་མེ་སྟག་གསོས་ཤིང་།ས་གནས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཁྲོད་དུ་དམར་དམག་གི་སྒྲིག་ལམ་དམ་ལ།མངར་ལྕགས་ལྟ་བུའི་འདུ་ཤེས་དང་གྲལ་རིམ་གྱི་བརྩེ་བ་ཟབ་མོས་ས་གནས་འདིའི་བོད་རིགས་སྤུན་ཟླར་སེམས་འགུལ་ཐེབས་སུ་བཅུག་པ་མ་ཟད།ཁོ་ཚོ་དམར་དམག་ལ་སྐྲག་པ་དང་བློ་གཏད་མེད་པའི་སེམས་མེད་པར་བཟོས་ཤིང་།མང་ཚོགས་ཀྱིས་རང་འགུལ་སྒོས་དམར་དམག་ལ་འབྲུ་རིགས་གྲབས་གསོག་དང་བུད་ཤིང་འཐུ་བར་ཕྱོགས་སྟོན་བྱས་ཏེ།དམར་དམག་བདེ་ལེགས་ངང་བོད་ཁུལ་ནས་བརྒྱུད་པར་བྱས་པས།རྗེས་ནས་མགོ་ལོག་ཞི་བས་བཅིངས་གྲོལ་དང་རིམ་པ་སོ་སོའི་མི་དམངས་སྲིད་དབང་འཛུགས་པར་རྨང་གཞི་བརྟན་པོ་འདིང་།པདྨ་མང་ཚོགས་ཀྱིས་དམར་དམག་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པས།  1938ལོར་དམག་ཤེད་ཅན་མཱ་པུའུ་ཧྥང་གི་དམག་གིས་པདྨ་རྫོང་ལ་ཁྲག་གིས་འཁོན་ལན་སློག་ཅིང་།བོད་མི་ཁྱིམ་ཚང 700ལྷག་གི་རྒྱུ་ནོར་འཕྲོག་པ་དང་བོད་རིགས་མང་ཚོགས་མི 200ལྷག་བསད་པ་རེད།ས་གནས་འདིའི་བོད་རིགས་མི་དམངས་ཀྱིས་དམར་དམག་རྗེས་དྲན་བྱེད་པ་མ་ཟད།མི་རབས་རྗེས་མར་སློབ་གསོ་གཏོང་བའི་ཆེད་དུ་དམར་དམག་གི་དཔའ་བོའི་རླབས་ཆེན་མཛད་རྗེས་ལ་རྗེས་དྲན་སློབ་སྦྱོང་བྱེད་པ་དང་།དམར་དམག་བརྒྱུད་མྱོང་བའི་འཛུ་མདའ་ལུང་བར་དམར་དམག་ལུང་བ་དང་།དམར་དམག་བརྒྱུད་མྱོང་བའི་ཟམ་པར་དམར་དམག་ཟམ་པ།དམར་དམག་གིས་འཐུང་མྱོང་བའི་ཆུ་མིག་ལ་དམར་དམག་ཆུ་མིག་ཅེས་མིང་བཏགས་ཡོད།དཀའ་སྤྱད་ཧུར་ཐག་གི་རླབས་ཆེན་རྒྱང་སྐྱོད་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་གི་གཟི་བརྗིད་ཡིན་ལ།ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་ཡིན་པ་མ་ཟད།རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་འབད་བརྩོན་ལྷོད་མེད་ཀྱི་མི་རིགས་སྙིང་སྟོབས་ཡིན་ཞིང་།དམར་དམག་གིས་བྲག་ངོས་སུ་བརྐོས་པའི་བྱང་སྟོད་ནས་བསླངས་བའི་རྒྱལ་ཡོངས་རི་འགོག་ཅིང་རྒོལ་འཐབ་རྩོད་ཅེས་པའི་སྦྱར་ཡིག་དང་འདྲ་བར།ལོ་ངོ་བདུན་ཅུའི་རིང་གི་ཆར་རླུང་བརྒྱུད་ཀྱང་ད་ལྟ་སྔར་བཞིན་ཡི་གེ་གསལ་ལྷང་ངེར་མཐོང་ཐུབ་ལ།སྤྱི་ཁྱབ་བཀོད་འདོམས་ཀྲུའུ་ཏི་ཡི་གློག་འཕྲིན་དང་བློ་མཐུན་ཀྲང་ཙི་ཡིས་ཀྱིདམར་དམག་ཉིན་ཐོབཅས་ནི་དམར་དམག་རྒྱང་སྐྱོད་པདྨ་བོད་ཁུལ་དུ་བརྒྱུད་མྱོང་བའི་ལོ་རྒྱུས་ཀྱི་བདེན་དཔང་དུ་གྱུར་ཡོད།

དུས་རབས་སྔོན་མའི་ལོ་རབས 80ནང་དུ་དམར་དམག་རྒྱང་སྐྱོད་པདྨ་བརྒྱུད་མྱོང་བའི་དོན་དངོས་ལོ་རྒྱུས་ཁས་ལེན་བྱས་པ་ནས་བཟུང་།སྐབས་སོ་སོའི་རྫོང་ཨུ་དང་སྲིད་གཞུང་གིས་ཚད་མཐོན་པོས་མཐོང་ཆེན་བྱས་ཤིང་།གསར་བརྗེའི་ཐོན་ཁུངས་འདི་རྔོག་འདོན་གསར་སྤེལ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རླབས་ཆེན་མཛད་རྗེས་དྲན་གསོ་བྱེད་པ།རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཁྱོངས་དང་དར་སྤེལ་བྱེད་པའི་ཆེད་དུ་བྱ་བ་གང་མང་ཞིག་སྒྲུབ་པ་རེད།  1985ལོར་དམར་དམག་བསིལ་ཁང་འཛུགས་སྐྲུན་བྱས་ཤིང་།  1986ལོའི་ཟླ5བར་ཞིང་ཆེན་སྲིད་གཞུང་གིས་དམར་དམག་ལུང་བ་ནི་མཚོ་སྔོན་ཞིང་ཆེན་རིག་དངོས་སྲུང་སྐྱོབ་གྲས་སུ་བཞག་པ་དང་།  2004ལོར་པདྨ་རྫོང་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་བྱང་བུ་བཀལ་ལ།  2005ལོའི་ཟླ7པར་པདྨ་རྫོང་གསར་བརྗེའི་ཡུལ་སྐོར་འགྲེམ་སྟོན་ཁང་འཛུགས་བསྐྲུན་བྱས་པ་མ་ཟད།དམར་དམག་བསིལ་ཁང་མྱུར་སྐྱོབ་རང་བཞིན་གྱི་ཞིག་གསོ་བྱས་པ་དང་།དམར་དམག་ཟམ་པ་དང་དམར་དམག་ཆུ་མིགདམར་དམག་སོ་ལྟ་ཁང་སོགས་ཀྱི་མཛེས་ལྗོངས་ཞིག་གསོ་བྱས།  2003ལོའི་ཟླ8པའི་ཚེས1ཉིན།དམར་དམག་གི་དུར་དམར་དམག་ལུང་བ་རུ་གནས་སྤོར་བྱས་པ་མ་ཟད།དམར་དམག་གི་དུར་ལ་རྡོ་རིང་བཙུགས།  2011ལོའི་ཟླ7པར་པདྨ—དམར་དམག་བརྒྱུད་མྱོང་བའི་ས་ཆའི་མཛེས་ལྗོངས་ཞེས་པ་རྒྱལ་ཁབ་ཀྱི AAAརིམ་པའི་མཛེས་ལྗོངས་སུ་ཡིག་ཐོག་སྙན་ཞུ་བྱས་པ་མ་ཟད།ཆེད་དོན་རྩ་འཛུགས་བྱས་ནསདམར་དམག་རྒྱང་སྐྱོད་པདྨ་རུ་ཡོདཅེས་པ་རྩོམ་འབྲི་བྱས་ཏེ།པདྨ་རུ་གསར་བརྗེའི་སློབ་གསོའི་རྟེན་གཞི་འཛུགས་པ་དང་།གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་པར་རྒྱུ་ཆ་གསལ་བོ་ཞིག་འདོན་སྤྲོད་བྱས།  2012ལོའི་ཟླ 12པར་དམར་དམག་ལུང་བ་ནི་ཞིང་ཆེན་དྲིལ་བསྒྲགས་པུའུ་ཡིས་ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་རུ་གཏན་འཁེལ་བྱས།དེ་དང་མཉམ་དུ་པདྨ་རྫོང་ཨུའི་ཏང་གི་སློབ་གྲྭའི་རྨང་གཞི་སྒྲིག་བཀོད་འཛུགས་བསྐྲུན་གྱི་གཙོ་གཞི་ལས་གཞིའཛུགས་བསྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ 8600ཡོད་ལ།གཅིག་བསྡུས་སློབ་ཁང་དང་གྲོས་ཚོགས་ཁང་།བཟའ་བཏུང་མཉམ་འཛོམ་ཡིན་པའི་སྣ་འཛོམས་ཐོག་ཁངལེགས་འགྲུབ་བྱུང་ལ།ད་ལོའི་ཟླ 10བའི་ནང་སྤྲད་དེ་བཀོལ་སྤྱོད་བྱེད་རྒྱུ། 

འཕེལ་རྒྱས་ཀྱི་ཐབས་ལམ།པདྨ་རྫོང་གི་གསར་བརྗེའི་ཐོན་ཁུངས་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་ཅཱང་ཞི་ཞིང་ཆེན་ཅིན་ཀང་ཧྲན་ལས་བྱེད་གསོ་སྦྱོང་བྱེད་ཐབས་སྤྱད་དེ།ཞིང་ཆེན་དང་ཁུལ་གྱི་རྣམ་གྲངས་ཀྱིས་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱེད་པ་དང་།རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་གྱི་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ནས།པདྨ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་གསར་བརྗེའི་དྲན་གསོའི་རྟེན་གཞི་དང་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་རུ་འཛུགས་བསྐྲུན་བྱེད་པར་འབད་པ་བྱེད་རྒྱུ། 

གསུམ།གེ་སར་རིག་གནས་དང་གནའ་བོའི་བོད་ཁྱིམ་ཐོག་ཁང་།བོད་བརྒྱུད་ནང་བསྟན་ཐོན་ཁུངས་ལ་བརྟེན་ནས་གསེར་མདོག་གི་པདྨ་འཛུགས་བསྐྲུན་བྱེད་རྒྱུ། 

པདྨ་རྫོང་ནི་མགོ་ལོག་བོད་རིགས་རིག་གནས་ཀྱི་འབྱུང་ཡུལ་ཡིན་ཞིང་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས།གནའ་བོའི་ལྐོག་གྱུར་གྱི་བོད་བརྒྱུད་ནང་བསྟན་རིག་གནས་པདྨ་རྫོང་དུ་གསལ་བོར་མངོན་ཞིང་དགོན་པ་མང་བ་མ་ཟད།དགོན་པའི་བཟོ་སྐྲུན་གྱི་ལོ་རྒྱུས་རྒྱུན་རིང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན།གནས་འདི་རུ་བསྡོམས་པས་བོད་བརྒྱུད་ནང་བསྟན་དགོན་པ 23ཡོད་ལ།གྲུབ་མཐའ་རིགས་གསུམ་སྟེ་རྙིང་མ་བ་དང་ཀ་ཐོག་པ།ཇོ་ནང་བ་བཅས་ཀྱི་ཁོངས་སུ་གཏོགས་པས་ཆོས་ལུགས་རིག་གནས་གཏིང་ཟབ་མོ་ཡོད།སྤྱི་ལོ 1600ལོར་འཛུགས་བསྐྲུན་བྱས་པའི་འབེ་ཙ་དགོན་པའི་མཆོད་རྟེན་གྱི་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་མང་བའི་མཆོད་རྟེན་གྱི་ཚོགས་ཡིན་པ་མ་ཟད།ཀརྨ་པ་སྐུ་ཕྲེང་གསུམ་པ་དང་བདུན་པ།བཅུ་བའི་འཁྲུངས་ཡུལ་ཡིན་ལ།གྲུབ་ཆེན་དགོན་པ་ནི་རྙིང་མ་བའི་དགོན་པ་གཙོ་བོ་ཞིག་ཡིན་པས།ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་སྣེ་ལེན་བྱེད་བཞིན་ཡོད།ལྕགས་རི་ཐང་ཨ་སྐྱོང་དགོན་པ་ནི་མགོ་ལོག་ས་ཁུལ་དུ་ལོ་རྒྱུས་ཆེས་རིང་ཞིང་གཞི་རྒྱ་ཆེས་ཆེ་བའི་ཇོ་ནང་བའི་དགོན་པ་ཡིན་ཞིང་།གནའ་བོའི་རྒྱ་གར་གྱི་ནང་བསྟན་གྲུབ་ཆ་སྲུང་འཛིན་བྱས་ཡོད་པས།ནང་བསྟན་གྱི་མཇལ་སྐོར་བྱེད་ས་དང་ཆོས་ལུགས་ཡུལ་སྐོར་གྱི་གནས་མཆོག་ཅིག་ཡིན་པ་མ་ཟད།ཞིབ་འཇུག་རིན་ཐང་དང་རིག་གཞུང་དོན་སྙིང་གལ་ཆེན་ལྡན་ཡོད།

པདྨ་རུ་གེ་སར་གྱི་སྒྲུང་མང་པོ་བརྒྱུད་བསྒྲགས་བྱེད་བཞིན་ཡོད་དེ།དཔེར་ན་ལྕགས་རི་ཐང་ཞང་འོམ་བུ་ཨ་ནུ་དཔའ་སེང་གི་ཤུལ་བཞག་དང་རྒྱ་ཚའི་གྲི་ཤུལ།འབྲུག་མོའི་ཆུ་ཁོལ།དྷི་མདའ་ཞང་དྷི་མདའ་དགོན་པའི་གེ་སར་རྗེས་དྲན་ཁང་སོགས་ག་ས་གང་དུ་གེ་སར་གྱི་སྒྲུང་གླེང་བཞིན་ཡོད་ལ།ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་ཀྱི་རིག་གནས་ལག་ཤེས་བཟོ་རྩལ་མང་པོ་ཡོད་དེ།དཔེར་ན།ཐང་ག་དང་འཇིམ་བརྐོས།གེ་སར་ཞལ་འབགརྡོ་བརྐོ།དངུལ་མགར་སོགས་ཕུན་སུམ་ཚོགས་པའི་དམངས་ཁྲོད་སྒྱུ་རྩལ་དང་ཞབས་བྲོ།འཆམ།དམངས་སྲོལ་སོགས་གེ་སར་རིག་གནས་དང་འབྲེལ་བ་ཟབ་མོ་ཡོད་པ་རེད།

གཞན་ཡང་ཡར་ཐང་ཞང་དང་དྷི་མདའ་ཞང་གི་གནའ་བོའི་བོད་ལུགས་སྡོད་ཁྱིམ་ཐོག་ཁང་ལ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པས།དེའི་བཟོ་བསྐྲུན་ལག་རྩལ་ནི 2008ལོར་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་རྫས་ཀྱི་གྲས་སུ་བཞགད་དུང་པདྨ་ནི་མཚོ་སྔོན་དང་དཀར་མཛེས།སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ས་མཚམས་དང་སེ་བོད་གནའ་བོའི་བརྒྱུད་ལམ་ཡིནཔདྨ་རྫོང་སེ་ལེ་ཐང—དཀར་མཛེས་ཁུལ་གསེར་རྟ་རྫོང—ཁྲིན་ཏུའུ—ལྷ་སཔ་མ་ཟད།གཞི་རྒྱ་ཆེ་བའི་བོད་བརྒྱུད་ནང་བསྟན་དགོན་པ་དང་གཏིང་ཟབ་པའི་མི་རིགས་རིག་གནས།ལྐོག་གྱུར་གྱི་བྱ་གཏོར་སོགསདངོས་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་མང་པོས་པདྨའི་ཁྱད་ཆོས་ལྡན་པའི་གསེར་མདོག་གི་རིག་གནས་ཐོན་ཁུངས་གྲུབ་ཡོད། 

འཕེལ་རྒྱས་ཀྱི་ཐབས་ལམ།གོམ་གང་མདུན་སྤོས་སྒོས་རིག་གནས་ཐོན་ཁུངས་སྔོག་འདོན་གྱི་སྟོབས་ཤུགས་ཇེ་ཆེར་བཏང་སྟེ།ཐུན་མོང་མ་ཡིན་པའི་པདྨའི་རིག་གནས་ཀྱི་མཛེས་སྡུག་མངོན་པར་བྱེད་པ་དང་།རིག་གནས་ཀྱི་ཕན་འབྲས་མཐོར་འདེགས་བྱས་ནས་དྲིལ་བསྒྲགས་གང་མང་བྱེད་པ་དང་།མགོ་ལོག་ཁག་གསུམ་གྱི་ཕ་ཡུལ་པདྨ་དང་གནའ་བོའི་བོད་ཁྱིམ་ཐོག་ཁང་།གེ་སར་སོགས་རིག་གནས་ཀྱི་མཚན་སྙན་མཐོར་འདེགས་བྱེད་རྒྱུ་མ་ཟད།རིག་གནས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་ལ་ཤུགས་སྣོན་བྱེད་པ་དང་།ཕུན་སུམ་ཚོགས་པའི་པདྨའི་སྤྱི་ཚོགས་རྣམ་པ་མཐོར་འདེགས་བྱེད་པའི་རྨང་གཞིའི་སྟེང་དུ།ཡུལ་སྐོར་དྲ་རྒྱའི་འཛུགས་བསྐྲུན་མུ་མཐུད་འཐུས་ཚང་དུ་བཏང་སྟེ།མཛེས་ལྗོངས་གསར་སྤེལ་གྱི་གོམས་སྟབས་ཇེ་མགྱོགས་སུ་གཏོང་བ་དང་།མཛེས་ལྗོངས་ཀྱི་ཨང་རིམ་མཐོར་འདེགས་བྱེད་པའི་བྱ་བར་འབད་པ་བྱེད་པ།ཐང་ག་དང་བོད་སྤོས།གེ་སར་ཞལ་འབགརྡོ་བརྐོ་སོགས་དམངས་སྲོལ་ཡུལ་སྐོར་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་འཕེལ་རྒྱས་ཆེན་པོ་བྱེད་རྒྱུ།

 ཡིག་སྒྱུར་བ། ཆོས་ལོ།

 
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། རྒྱལ་ཡོངས་སྲིད་གྲོས་སྐབས་ 2019/3/18
· ༄༅།། རྒྱལ་ཡོངས་སྲིད་གྲོས་སྐབས་ 2019/3/18
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། མགོ་ལོག་ཁུལ་གྱིས་ནུས་ཤུགས 2019/3/4

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།