ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> འགོ་ཁྲིད་ཀྱི་གསུང་བཤད།
༄༅།།པདྨ་རྫོང་གིས་བྱེད་ཐབས་ལྔ་དམ་འཛིན་བྱས་ཏེ། འབྱོར་ཕྱུག་དང་སྐྱེ་ཁམས། མཛེས་སྡུགབདེ་སྐྱིད། བདེ་འཇགས་ཀྱི་པདྨ་འཛུགས་བསྐྲུན་བྱེད་པར་འབད་བརྩོན་བྱས་པ།
འབྱུང་ཁུངས།: 2013/7/8 10:22:27
 

༄༅།།པདྨ་རྫོང་གིས་བྱེད་ཐབས་ལྔ་དམ་འཛིན་བྱས་ཏེ།  འབྱོར་ཕྱུག་དང་སྐྱེ་ཁམས།  མཛེས་སྡུགབདེ་སྐྱིད།  བདེ་འཇགས་ཀྱི་པདྨ་འཛུགས་བསྐྲུན་བྱེད་པར་འབད་བརྩོན་བྱས་པ།

པདྨ་་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན།  ཤ་བོ་སྐྱབས།

2013ལོ་ནི་ཕྱོགས་ཡོངས་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པའི་ལོ་ཡིན་ཞིང་།ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྟོབས་ཤུགས་ཆེན་པོས་མགོ་ལོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལོ་ཡང་ཡིན་པས།པདྨ་རྫོང་གིས་ཚན་རིག་འཕེལ་རྒྱས་ལྟ་བ་བརྗོད་བྱར་འཛིན་པ་དང་དོན་དངོས་ཟུང་འབྲེལ་བྱེད་པ།བྱེད་ཐབས་ལྔ་དམ་འཛིན་བྱེད་པ་གཙོ་གནད་དུ་བཟུང་བ་བཅས་བྱས་ནས་བྱ་བ་སྣ་ཚོགས་བརྟན་བརླིང་སྒོས་སྐུལ་འདེད་བྱས་ལ།འབྱོར་ཕྱུག་དང་སྐྱེ་ཁམས།མཛེས་སྡུགབདེ་སྐྱིད།བདེ་འཇགས་ཀྱི་པདྨ་འཛུགས་བསྐྲུན་བྱེད་པར་འབད་བརྩོན་བྱས།

གཅིགསྟོབས་ཤུགས་ཆེན་པོས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ།འབྱོར་ཕྱུག་ལྡན་པའི་པདྨ་འཛུགས་བསྐྲུན་བྱས་པ།གཅིག་ནས་ཕྱུགས་ལས་འཕེལ་རྒྱས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་ལྟ་ཚུལ་བཅོས་སྒྱུར་བྱེད་པར་སྣེ་ཁྲིད་བྱས་ཏེ།མགྱོགས་མྱུར་སྒོས་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་།འཕེལ་རྒྱས་ཀྱི་རྣམ་པ་བཅོས་སྒྱུར་བྱེད་པ།མུ་མཐུད་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་འཛུགས་བསྐྲུན་དང་ཕྱུགས་ལས་ཆེད་ལས་མཉམ་ལས་ཧྲེའི་ལས་གཉེར་སྒྲིག་གཞི་སྐུལ་འདེད་བྱས་ནས།འབྲོག་ཁུལ་འཕེལ་རྒྱས་བྱེད་པ་དང་ཕྱུགས་ལས་ཕན་ནུས་མཐོར་འདེགས་བྱས་ཏེ།འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱས།གཉིས་ནས་ནགས་འོག་གི་དཔལ་འབྱོར་ཐོན་ལས་རྨང་གཞི་ལེགས་པོ་འདིང་བ་དང་།རྫོང་ཁོངས་ཀྱི་ཐོན་ཁུངས་ལེགས་པོ་བེད་སྤྱད་དེ།སྟར་བུ་དང་བོད་ཇ།ལུག་གྲོད་ཤ་མོ་སོགས་ཀྱི་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་བྱས་པ་དང་།གཞི་ཁྱོན་ཅན་འཕེལ་རྒྱས་བྱེད་པར་རྨང་གཞི་བརྟན་པོ་འདིང་།གསུམ་ནས་ཞབས་ཞུའི་ལས་རིགས་ལ་གསོན་ཤུགས་རྒྱས་པར་བྱས་ཤིང་།ཚོང་རའི་ཕྱོགས་སྟོན་གཞིར་བཟུང་ནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་པ་དང་།མང་ཚོགས་ལ་སྐུལ་སློང་བྱས་ཏེ།སྤྲོ་སྐྱིད་བོད་ཁྱིམ་དང་སྤྲོ་སྐྱིད་འབྲོག་ཁྱིམ།ཁྱིམ་གཞིའི་མགྲོན་ཁང་སོགས་འཕེལ་རྒྱས་བྱས་ལ།བཟའ་བཏུང་དང་འདུག་སྡོད།རོལ་རྩེད།མི་རིགས་བཀོལ་ཆས།རླངས་འཁོར་སྐྱེལ་འདྲེན་སོགས་ཞབས་ཞུ་ལས་རིགས་གསོ་སྐྱོང་བྱས་ནས།གྲོང་ཞང་གི་ཚོང་ར་དར་རྒྱས་བྱེད་པ་དང་།ཚོང་ཟོང་ཞབས་ཞུའི་འཕེལ་རྒྱས་ཀྱིས་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་བྱས།བཞི་ནས་དམངས་ཕན་སྲིད་ཇུས་དངོས་སུ་ལག་བསྟར་བྱས་ཏེ།ཕྱུགས་སྐྱུར་རྩྭ་འདེབས་དང་རྨོ་སྐྱུར་ནགས་འཛུགས།ནགས་དབང་ལམ་ལུགས་བཅོས་སྒྱུར་སོགས་བྱ་དགའ་དང་ཁ་གསབ་སྒྲིག་གཞི་མུ་མཐུད་ལག་བསྟར་བྱས་པ་མ་ཟད།མི་གྲངས་འཆར་སྐྱེ་དང་ཞིང་འབྲོག་ཁྱིམ་ཚང་གིས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་དང་གཟན་རྩྭ་རོགས་སྐྱོར་སོགས་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ཏེ།འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱས།ལྔ་ནས་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་བྱས་ཏེ།མིང་གྲགས་ཅན་གྱི་ཡུལ་སྐོར་རྫོང་འཛུགས་བསྐྲུན་བྱེད་པའི་འབད་བརྩོན་དམིགས་ཡུལ་གཞིར་བཟུང་ནས།རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དང་ཀྲུང་གོའི་འབྲུ་ཆུའི་ཆུ་བེད་མཛེས་ལྗོངས།རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་སྡེ་བ་སོགས་རྣམ་གྲངས་ཡར་ཞུ་བྱེད་པའི་བྱ་བར་ཤུགས་སྣོན་བྱས་ཏེ།རྣམ་གྲངས་ཀྱིས་རོགས་འདེགས་བྱེད་པ་དང་།མངའ་ཁོངས་ཀྱི་ཕུན་སུམ་ཚོགས་པའི་དམར་མདོག་དང་ལྗང་མདོགགསེར་མདོག་གི་པདྨའི་ཐོན་ཁུངས་དང་གཙང་གསུམ་འབྱུང་ཡུལ་གྱི་ལྷོ་ཁུལ་ཆུང་བའི་ཚོང་རྟགས་ཀྱི་ཁེ་ཕན་ལ་བརྟེན་ནས།ཡུལ་སྐོར་དང་ཆོས་ལུགས་རིག་གནས།དམངས་སྲོལ་རིག་གནས་གཙོ་གནད་དུ་འཛིན་པ་དང་།པདྨ་རྫོང་པདྨ་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་འགན་ཡོད་ཀུང་སི་དང་པདྨ་རྫོང་ཁག་གསུམ་རིག་གནས་ཐོན་ལས་གསར་སྤེལ་འགན་ཡོད་ཀུང་སི་གཙོ་བོར་བཟུང་སྟེ།སྔོག་འདོན་ནུས་པ་གཏིང་ཟབ་བྱེད་པ་དང་རིག་གནས་ཕན་ནུས་མཐོར་འདེགས་བྱེད་པ།དྲིལ་བསྒྲགས་ལམ་བུ་རྒྱ་བསྐྱེད་བཏང་ནས།གོམ་གང་མདུན་སྤོས་སྒོས་པདྨ་སྟེ་མགོ་ལོག་ཁག་གསུམ་གྱི་ཕ་ས་དང་།བོད་མིའི་སྡོད་ཁྱིམ་ཐོག་ཁང་།གེ་སར་རིག་གནས་སོགས་ཀྱི་མཚན་སྙན་མཐོར་འདེགས་བྱས་ལ།ཡུལ་ལྗོངས་ཀྱི་རིམ་པ་ཇེ་མཐོར་བཏང་སྟེ།ཐང་ག་དང་བོད་སྤོས།གེ་སར་ཞལ་འབགརྡོ་བརྐོ་སོགས་དམངས་སྲོལ་ཡུལ་སྐོར་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་འཕེལ་རྒྱས་ཆེན་པོ་བྱས།

  (གཉིས)སྟོབས་ཤུགས་ཡོད་ཚད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐུལ་འདེད་    བཏང་ནས་སྐྱེ་ཁམས་པདྨ་འཛུགས་སྐྲུན་བྱས་པ།   གཅིག་ནས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བཏོན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་སྔོན་སྐྱོད་ས་ཁུལ་གྱི་འདུ་ཤེས་དམ་པོར་བཅིངས་ཏེ།ཕྱུགས་སྐྱུར་རྩྭ་གསོ་གསབ་འདེབས་དང་རི་བཀག་ནགས་གསོ།མིའི་བཟོས་ནགས་བསྐྲུན་སོགས་ཀྱི་ལས་གཞི་མུ་མཐུད་ལག་བསྟར་བྱས་ཤིང་།རྫོང་ཡོངས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་རང་བྱུང་རྩྭ་སར་ཕྱུགས་བཀག་བྱས་པ་མ་ཟད་ཕྱུགས་རྩྭ་དོ་མཉམ་ཁ་གསབ་སྒྲིག་གཞི་ལག་བསྟར་བྱས་ལ།ཀྲུང་བོད་སྨན་རྩྭ་དང་དབྱར་རྩ་དགུན་འབུའི་ཐོན་ཁུངས་ལ་སྲུང་སྐྱོབ་དོ་དམ་བྱས་ནས།རྩྭ་ས་དང་རྩྭ་སའི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་བརླག་བྱེད་པ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་པ་མ་ཟད།རང་བྱུང་ནགས་ཚལ་དང་བརླན་ས།རྩྭ་ཐང་གི་སྲུང་སྐྱོབ་ཀྱི་ནུས་ཤུགས་ཇེ་ཆེར་བཏང་སྟེ།ནགས་ཚལ་དང་རྩྭ་ཆུའི་ཐོན་ཁུངས་ནམ་ཡང་བཀོལ་སྤྱོད་ཐུབ་པར་ཁག་ཐེག་བྱས་ཤིང་།ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཛུགས་སྐྲུན་ཕན་ཚུན་སྐུལ་འདེད་དང་མཐུན་སྦྱོར་འཕེལ་རྒྱས་བྱེད་པ་མངོན་འགྱུར་བྱས་ལ།རྩྭ་ས་དྲ་རྒྱ་ཅན་གྱི་དོ་དམ་ལ་ཤུགས་སྣོན་བྱས་ཏེ།རྩྭ་ས་དོ་དམ་བདག་དབང་དང་བཀོལ་སྤྱོད་ཆོག་མཆན་ལམ་ལུགས་འཐུས་ཚང་དུ་བཏང་ལ།གང་འདོད་ཀྱིས་ས་བདག་དབང་དང་འཛུགས་བསྐྲུན།བརྐོ་སློག་བྱེད་པའི་བྱ་སྤྱོད་དག་ཐེར་བྱས། 

(གསུམ)གྲོང་ཞང་གཅིག་གྱུར་འཆར་འགོད་འཕེལ་རྒྱས་སྐུལ་སྤེལ་གཏོང་བར་ནུས་ཤུགས་ཡོད་ཚད་ཕུལ་ནས་མཛེས་སྡུག་པདྨ་འཛུགས་སྐྲུན་བྱས་པ།    ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་ཅན་འཕེལ་རྒྱས་གཏོང་བའི་བཀོད་སྒྲིག་རེ་བ་ལྟར།གྲོང་རྡལ་ཅན་འཛུགས་བསྐྲུན་བྱེད་པར་སྐུལ་འདེད་བྱས་ཏེ།སེ་ལེ་ཐང་གྲོང་རྡལ་དཀྱིལ་སྙིང་དུ་བཟུང་ནས་མ་དངུལ་གཏོང་ཚད་ཇེ་ཆེར་བཏང་ཞིང་།ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་རྡལ་ཆུང་བའི་སྤྱིའི་འཆར་གཞི་དང་འཛུགས་བསྐྲུན་འཆར་འགོད་འཐུས་ཚང་དུ་བཏང་ལ།གྲོང་རྡལ་སྤུས་ཚད་མཐོར་འདེགས་དང་སྡོད་གནས་ཁོར་ཡུག་ཇེ་ལེགས་སུ་བཏང་བ་མ་ཟད།ཚོང་ལས་ནུས་པ་བཀོད་སྒྲིག་དང་རྨང་གཞིའི་སྒྲིག་ཆས་ཞབས་འདེགས་ནུས་པ་འཐུས་ཚང་དུ་བཏང་ཞིང་།སེ་ལེ་ཐང་གྲོང་རྡལ་དེ་མཐོ་སྒང་རིག་གནས་སྐྱེ་ཁམས་ཡུལ་སྐོར་མིང་གྲགས་ཅན་གྱི་གྲོང་རྡལ་ཅིག་ཏུ་བསྐྲུན་པར་བརྩོན་ལེན་བྱེད་པ་དང་།ཅན་བཞིའི་བྱ་བ་ཤུགས་སྣོན་བྱས་ཏེ།  (ལྗང་མདོག་ཅན།སྲ་མཁྲེགས་ཅན།མཛེས་སྡུག་ཅན།གཙང་དག་ཅན། )རྫོང་གྲོང་གི་མཛེས་རྣམ་བཙོག་བཟོ་ཅན་དང་ཞིང་སྡེའི་རྙོག་པ་དང་བཙོག་པ།ཞན་པའི་རྣམ་པ་བཅོས་སྐྱོང་ནན་མོ་བྱས་ཤིང་།རྫོང་མཁར་དང་ཞང་སྲིད་གཞུང་སྡོད་ས་གཙང་ཞིང་སྐྱིད་པོ་ཡོང་བ་ཁག་ཐེག་བྱས་ལ།འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱས་ཏེ།ཞིང་ཆེན་ཡོངས་ཀྱིས་སྡེ་བ་སྟོང་འཛུགས་སྐྲུན་དང་།སྡེ་བ་བརྒྱ་དཔེ་སྟོན།ཏང་སྲིད་དམག་དོན་ཁེ་ལས་མཉམ་འཛུགས་དཔེ་སྟོན་སྡེ་བ་དར་སྤེལ་བྱེད་པའི་གོ་སྐབས་དམ་པོར་བཟུང་ནས།དྷི་མདའ་ཞང་པཎ་ཆེ་སྡེ་བ་དང་ལྕགས་རི་ཞང་རྡོ་རུ་མ།   ཚེར་ཆེན་དམངས་སྤོར་གྲོང་གསར་བཅས་ལ་ཚན་རིག་འཆར་འགོད་དང་ཞིབ་ཕྲ་སྒོས་སྒྲིག་བཟོ་བྱས་པ་དང་།ཞིང་སྡེའི་ཉེན་ཁང་སྒྱུར་བཅོས་དང་བྱ་དགའི་རང་བཞིན་གྱི་སྡོད་ཁང་།འབྲོག་དམངས་གཏན་སྡོད།བཏུང་ཆུའི་བདེ་འཇགས།སྡེ་བའི་གཞུང་ལམ་སྲ་འགྱུར།སྡེ་ཧྲིལ་བོ་དབུལ་སྐྱོར་སྐུལ་སྤེལ།གྲོང་སྡེ་ལྗང་འགྱུར།གཞན་ཡུལ་དབུལ་སྐྱོབ་སོགས་ཀྱི་རྣམ་གྲངས་དང་མ་དངུལ་དག་སྒྲིག་བྱས་ནས་དཔེ་སྟོན་སྡེ་བའི་རྨང་གཞིའི་སྒྲིག་ཆས་དང་སྡེ་བའི་རྣམ་པ་ལེགས་བཅོས་བྱས་ལ།མང་ཚོགས་ཀྱི་ཐོན་སྐྱེད་ཆུ་ཚད་མཐོར་འདེགས་བྱུང་བ་མ་ཟད།པན་ཆེན་སྡེ་བ་རྒྱལ་ཁབ་ལོ་རྒྱུས་རིག་གནས་མིང་གྲགས་སྡེ་བ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་།ཚེར་ཆེན་དམངས་སྤོ་སྡེ་གསར་དང་མདོ་འགབ་མ་སྡེ་བ་མི་རིགས་ཁྱད་ཆོས་དང་དེང་རབས་ཀྱི་རྣམ་པ་ཟུང་འབྲེལ་བྱས་པའི་འབྲོག་ཁུལ་དཔེ་སྟོན་སྡེ་བ་ཞིག་ཏུ་འཛུགས་བསྐྲུན་བྱེད་པ་དང་མཉམ་དུ།སྡེ་བ་གཞན་པའི་འཆར་འགོད་སྒྲིག་བཟོ་དང་འཛུགས་སྐྲུན་གྱི་གོམས་སྟབས་ཇེ་མགྱོགས་སུ་བཏང་། 

(བཞི)དམངས་འཚོ་ལེགས་བཅོས་བྱ་བ་སྐུལ་འདེད་བཏང་ནས།བདེ་སྐྱིད་པདྨ་འཛུགས་སྐྲུན་བྱས་པ།མི་དམངས་ཡོད་སར་ཆབ་སྲིད་ལག་བསྟར་བྱས་ཏེ།མང་ཚོགས་ཀྱིས་ཆེས་ཐུགས་ཁུར་བྱེད་བཞིན་པའི་དམངས་འཚོའི་གནད་དོན་གལ་ཆེན་དུ་འཇོག་པ་རྒྱུན་འཁྱོངས་བྱས་ཤིང་།རྫོང་སྲིད་གཞུང་གིས་བྱ་བ་གཙོ་བོར་དམིགས་ནས།ནོར་སྲིད་ཀྱི 90%དམངས་འཚོ་འཛུགས་བསྐྲུན་སྟེང་བཀོལ་བ་མ་ཟད།དམངས་འཚོ་འགན་སྲུང་ལ་འབད་པ་བྱས་ནས།འཕར་བརྒལ་བརྩོན་ལེན་དང་།སྟོབས་ཤུགས་གཅིག་སྒྲིལ་སྒོས་དོན་དངོས་དང་དོན་བཟང་སྐོར་ཞིག་སྒྲུབ་ལ།མང་ཚོགས་ལ་སློབ་ན་ཤེས་པ།དཀའ་བ་སྤྱད་ན་འབྲས་བུ་ཡོད་པ།ནད་བཅོས་ཐུབ་པ།རྒས་ན་བདག་སྐྱོང་ཡོད་པ།འདུག་གནས་ཡོད་པ་བཅས་མངོན་འགྱུར་བྱས་པ་དང་མཉམ་དུ།སྤྱི་ཚོགས་མ་དངུལ་སྔར་ལས་མང་བོ་ཞིག་གིས་དམངས་འཚོའི་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་པར་སྣེ་ཁྲིད་པ་དང་།སློབ་གསོ་དང་ལས་ཞུགས།སྨན་བཅོས་འཕྲོད་བསྟེན།སྤྱི་ཚོགས་འགན་སྲུང་།འདུག་ཁང་དང་གཞུང་སྒྲུབ་ཆ་རྐྱེན།སྤྱི་པའི་རིག་གནས།གྲོང་ཞང་གི་རྨང་གཞིའི་སྒྲིག་བཀོད།དབུལ་སྐྱོབ་གསར་སྤེལ།གཞི་རིམ་རྩ་འཛུགས་འཛུགས་སྐྲུན།ཞིང་ཕྱུགས་ཆུ་བེད་བཅས་ཐད་ཀྱི་རྣམ་གྲངས་སྐོར་ཞིག་གཙིགས་སུ་བཟུང་ནས།དམངས་འཚོ་འཛུགས་སྐྲུན་སྔར་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་བྱས།

(ལྔ)སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཚོགས་དོ་དམ་གསར་གཏོད་སྐུལ་འདེད་བྱས་ཏེ་བདེ་འཇགས་པདྨ་འཛུགས་སྐྲུན་བྱས་པ།གཏན་འཇགས་དང་སྤྱིའི་བདེ་འཇགས་གཙིགས་སུ་བཟུང་ནས།འཕེལ་རྒྱས་དང་གཏན་འཇགས་ཕྱོགས་གཉིས་བརྟན་བརླིང་སྒོས་དམ་འཛིན་བྱས་ཤིང་།སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་བྱས་ནས་མུ་མཐུད་དུ་བདེ་འཇགས་པདྨ་དང་ཚོགས་སྤྱིའི་དོན་རྐྱེན་མེད་པ།ཞུ་གཏུག་མ་ཡིན་པའི་དོན་རྐྱེན་མེད་པ།བདེ་འཇགས་དོན་རྐྱེན་མེད་པ་བཅས་མེད་པ་གསུམ་གྱི་རྫོང་གི་གསར་གཏོད་བྱ་འགུལ་སྤེལ་ཏེ།ནམ་ཡང་དྲག་རྡུང་ནན་མོ་བྱེད་པའི་རྣམ་འགྱུར་རྒྱུན་འཁྱོངས་དང་།འཛིན་བྱང་མེད་པའི་རླངས་འཁོར་ཉོ་འཚོང་དང་རྒྱལ་འཇོག་སོགས་ཉེས་འགལ་བྱ་སྤྱོད།མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་པའི་ཉེས་དོན་གཙོ་གནད་དུ་བཟུང་ནས་དྲག་རྡུང་བྱས་ནས།བདེ་འཇགས་གོ་རིམ་ལྡན་པའི་སྤྱི་ཚོགས་སྒྲིག་ལམ་བཙུགས་ཤིང་།དགོན་པའི་བཅའ་ཁྲིམས་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་དང་དགོན་པའི་དམངས་གཙོ་དོ་དམ་ཚད་ལྡན་དུ་བསྒྱུར་བའི་བྱ་བ་བརྟན་པོར་སྒྲུབ་པ་དང་།ཕྱོགས་ཡོངས་ནས་ཆོས་ལུགས་དང་དགོན་པའི་བདེ་འཇགས་ལ་གནོད་པ་ཡོད་པའི་འགལ་བ་མེད་པར་བྱས་ལ།དགོན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་ལ་ཤུགས་སྣོན་དང་།དགོན་པའི་སྤྱི་ཚོགས་དོ་དམ་བྱ་བར་ཤུགས་བསྣན་ནས་དགོན་པའི་དོ་དམ་རིམ་བཞིན་ཚད་ལྡན་ཅན་དུ་བཏང་ལ།ཆོས་ལུགས་འགྲིག་མཐུན་དང་སྤྱི་ཚོགས་འཆམ་མཐུན་ཡིན་པའི་རྣམ་པ་བསྐྲུན་པ་མ་ཟད།སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་པར་མུ་མཐུད་དུ་ཤུགས་བསྣན་ནས་ཧྲེ་ཁུལ་དོ་དམ་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས།འཁོར་སྐྱོད་མི་གྲངས་ཀྱི་ཞབས་འདེགས་དོ་དམ་བྱ་བ་དམ་འཛིན་དང་ནག་ཉེས་བྱ་སྤྱོད་ལ་དྲག་རྡུང་ནན་མོ་བྱས་ཤིང་།ཁྱད་པར་ཅན་གྱི་མི་ཚོགས་ཀྱི་སློབ་གསོ་དོ་དམ་བྱ་བ་དམ་འཛིན་བྱས།མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱ་འགུལ་གཏིང་ཟབ་ངང་དར་སྤེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དམངས་སེམས་རྨང་གཞི་སྲ་བརྟན་བྱས་ལ།བདེ་འཇགས་ཐོན་སྐྱེད་དང་དོ་དམ་ལ་ཤུགས་སྣོན་བྱས་ཏེ།ཕྱོགས་ཡོངས་ནས་རྟོག་ཞིབ་དང་སྒྲིག་བཅོས་བྱེད་པ།རིགས་མི་འདྲ་བའི་བདེ་འཇགས་གནོད་སྐྱོན་མེད་པར་བྱས་ནས་བདེ་འཇགས་དོན་རྐྱེན་འབྱུང་བ་གཏན་འགོག་བྱས།

 ཡིག་སྒྱུར་བ། ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།