ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> འགོ་ཁྲིད་ཀྱི་གསུང་བཤད།
༄༅།།པདྨ་རྫོང་གིས་དམངས་འཚོ་ལས་གཞི་ཆེན་པོ་བཅུ་ལག་བསྟ ར་བྱས་ཏེ། དམངས་འཚོ་འཛུགས་བསྐྲུན་སྐུལ་འདེད་ལ་གྲུབ་འབྲས་གསར་བ་བླངས་བ།
འབྱུང་ཁུངས།: 2013/7/8 10:15:47
 

༄༅།།པདྨ་རྫོང་གིས་དམངས་འཚོ་ལས་གཞི་ཆེན་པོ་བཅུ་ལག་བསྟ ར་བྱས་ཏེ། དམངས་འཚོ་འཛུགས་བསྐྲུན་སྐུལ་འདེད་ལ་གྲུབ་འབྲས་གསར་བ་བླངས་བ།

པདྨ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན།  ཤ་བོ་སྐྱབས།

 2013ལོར།  སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་འགན་ནུས་ལག་བསྟར་བྱེད་པ་དང་དོན་དངོས་སུ་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་དོན་བཟང་སྒྲུབ་པའི་ཆེད་དུ།  པདྨ་རྫོང་སྲིད་གཞུང་གིས་དམངས་འཚོ་ལས་གཞི་ཆེན་པོ་བཅུ་གཏན་འཁེལ་བྱས་ཏེ།  དམངས་འཚོ་འཛུགས་བསྐྲུན་སྐུལ་འདེད་བྱེད་པར་གྲུབ་འབྲས་གསར་བ་བླངས།  གཅིག་ནས་སློབ་གསོའི་ལས་དོན་སྔོན་སྤེལ་བྱེད་པར་སྐུལ་སྤེལ་བྱས་པ།  ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་བསྐྱོད་བྱེད་པའི་གོ་སར་བཞག་ནས་སློབ་གསོ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ་དང་།  སློབ་གསོའི་ལས་དོན་བདེ་ཐང་དང་རྒྱུན་འཁྱོངས།  མཐུན་སྦྱོར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བྱས་ལ།  སློབ་གྲྭའི་དོ་དམ་ལ་ཤུགས་སྣོན་བྱས་ཏེ།  དགེ་རྒན་གསོ་སྦྱོང་ནུས་ཤུགས་ཇེ་ཆེར་གཏོང་བ་དང་།  མུ་མཐུད་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བཏང་ནས།  ཕལ་ཆེར་གཉིས་ཀྱི་གྲུབ་འབྲས་སྲ་བརྟན་དང་ཆུ་ཚད་མཐོར་འདེགས་བྱས་ཤིང་།  མཐོ་འབྲིང་སྐབས་ཀྱི་སློབ་ཞུགས་ཚད 54%དང་སློབ་སྔོན་སློབ་གསོའི་སློབ་ཞུགས་ཚད 45%ལ་སླེབས་པར་བརྩོན་ལེན་དང་།  ཧྲང་ཧེའི་རོགས་སྐྱོར་འཛུགས་སྐྲུན་དང་ཚད་ལྡན་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་པ་མ་ཟད།  རིམ་གྱིས་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས།གཉིས་ནས་ལས་ཞུགས་དང་ཡོང་སྒོ་འཕར་སྣོན།  དམངས་ཕྱུག་བཅས་ལ་སྐུལ་སྤེལ་བྱས་པ།  ཕྱོགས་ཡོངས་ནས་ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་ཀྱི་ཕན་ལྡན་སྲིད་ཇུས་ལག་བསྟར་བྱས་ནས།  ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་སྐུལ་འདེད་བྱས་ཤིང་།  ལས་ཞུགས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་དང་ལས་ཞུགས་སྤུས་ཚད་མཐོར་འདེགས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  ཧུར་བརྩོན་གྱིས་སྤྱི་ཕན་ལས་གནས་གསར་སྤེལ་དང་།  སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ནས།  འབྲོག་དམངས་ཀྱི་བུ་བུ་མོའི་ལས་ཞུགས་ཚད་མཐོར་འདེགས་བྱས་ལ།  སྐྱེ་ཁམས་དམངས་སྤོ་དང་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་མི་སྣ།  གྲོང་རྡལ་གྱི་ལས་ཞུགས་དཀའ་བའི་ཚོགས་སྤྱི་དང་ཞིང་བ་ལས་བཟོ་བའི་ལས་ཞུགས་ལ་གཅིག་གྱུར་སྐུལ་འདེད་བྱས་པ་དང་།  ལས་ཞུགས་གསོ་སྦྱོང་གི་ནུས་ཤུགས་ཇེ་ཆེར་བཏང་ལ།  ལས་ཞུགས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས།  ལས་ཤོར་མི་སྣ་ཡང་བསྐྱར་ལས་ཞུགས་བྱེད་པའི་ནུས་པ་མཐོར་འདེགས་དང་།  གྲོང་རྡལ་གྱི་ལས་ཞུགས་གསར་དུ་ཁ་སྣོན་མི 170དང་འབྲོག་ཁུལ་ངལ་རྩོལ་ནུས་ཤུགས་གནས་སྤོ་ལས་ཞུགས་མི 2000མངོན་འགྱུར་བྱས་པས།  རོང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཡོང་སྒོ 14%འཕར་སྣོན་བྱས།  གསུམ་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་བ།   གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་དང་གཞི་རྩའི་སྨན་རྫས་ལམ་ལུགས་འཛུགས་སྐྲུན་མུ་མཐུད་དུ་ལག་བསྟར་བྱས་ནས།  རྫོང་དང་ཞང་།  སྡེ་བ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ་དང་།  ལག་རྩལ་མི་སྣའི་གསོ་སྦྱོང་བྱ་བ་དམ་འཛིན་བྱས་ལ།  ནད་ཚབས་ཆེན་སྔོན་འགོག་དང་སྤྱིའི་འཕྲོད་བསྟེན་དོན་རྐྱེན་དུས་ལྟར་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་བཏང་སྟེ།  རྫོང་མི་དམངས་སྨན་ཁང་གི་ཚད་མཐོའི་དབྱངས་སྦུག་འཇོག་ས་དང་མྱུར་སྐྱོབ་ལྟེ་གནས་ལས་དོན་ཁང་བ།  རིམས་འགོག་ལྟེ་གནས་ཀྱི་ཚོད་ལྟ་ཁང་།  བོད་སྨན་ཁང་གི་ཕྱོགས་བསྡུས་ཐོག་ཁང་།  སྟག་མཁར་དང་སྨར་ཁོག་གི་འཕྲོད་བསྟེན་ཁང་བཅས་སྨན་བཅོས་སྒྲིག་གཞི་འཛུགས་སྐྲུན་བྱས་ནས་སྨན་བཅོས་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱས།  བདེ་སྐྱིད་ཁྱིམ་ཚང་འགུལ་སྐྱོད་དང་བཟང་སྐྱེས་བྱ་བར་ཤུགས་སྣོན་བྱས་ཤིང་།  ཟས་རིགས་དང་སྨན་རྫས་བཅས་ཀྱི་འཕྲོད་བསྟེན་ལྟ་སྐུལ་བྱ་བའི་ནུས་ཤུགས་ཇེ་ཆེར་བཏང་།   བཞི་ནས་སྤྱི་ཚོགས་འགན་སྲུང་རྒུད་སྐྱོབ་ནུས་པར་ཤུགས་སྣོན་བྱས་པ།  རྒྱ་བསྐྱེད་དང་བསྡུ་གསོག་དཀྱིལ་སྙིང་དུ་བཟུང་སྟེ་གྲོང་ཞང་གཞི་རྩའི་རྒན་གསོ་དང་སྨན་བཅོས་འགན་སྲུང་།  ལས་ཀའི་རྨས་སྐྱོན།  ལས་ཤོར།  བུ་སྐྱེ་བཅས་ཀྱི་འགན་སྲུང་གི་ཁེབས་ཚད་སྔར་ལས་ཇེ་ཆེར་བཏང་བ་དང་།  ཧུར་བརྩོན་གྱིས་རྒན་པར་རོགས་རམ་དང་དབང་སྐྱོན་རོགས་སྐྱོར།  དྭ་ཕྲུག་སྐྱོབ་པ།དབུལ་སྐྱོར་བཅས་དཀྱིལ་སྙིང་དུ་འཛིན་པའི་སྤྱི་ཚོགས་ཕན་བདེ་དང་བྱམས་སྐྱོང་ལས་དོན་འཕེལ་རྒྱས་བཏང་སྟེ།  སྤྱི་ཚོགས་འགན་སྲུང་གི་སྤྱིའི་ཞབས་འདེགས་སྟེགས་བུ་ལ་ཤུགས་སྣོན་དང་སྤྱི་ཚོགས་འགན་སྲུང་གཅིག་གྱུར་འཆར་འགོད་རིམ་གྲངས་མཐོར་འདེགས་བཏང་ལ།  དབང་སྐྱོན་མི་སྣ་གསོ་སྐྱོང་ཞབས་ཞུ་ཁང་བ་དང་སྒྲིག་གཞི་ཆ་ཚང་གསར་དུ་འཛུགས་བསྐྲུན་བྱེད་རྒྱུའི་རྣམ་གྲངས།  པུར་ཁང་འཛུགས་བསྐྲུན་རྣམ་གྲངས་ལེགས་འགྲུབ་བྱས།  ལྔ་ནས་མང་ཚོགས་ཀྱི་སྡོད་ཁང་།  ལས་བྱེད་པ་དང་ལས་བཟོ་བའི་གཞུང་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་པ།  འགན་སྲུང་རང་བཞིན་གྱི་སྡོད་ཁང་530དང་སྤྱིའི་གླ་གཏོང་ཁང་བ 150རྩིས་ལེན་བཀོལ་སྤྱོད་བྱས་ཤིང་།  སྐབས་དང་པོའི་ཁྲོ་ཐབ་བཅོས་བསྒྱུར་རྣམ་གྲངས་དང་གྲོང་ཞང་ལས་བྱེད་པའི་འཁོར་རྒྱུག་སྡོད་ཁང 99ལེགས་འགྲུབ་བྱས་ལ།  གྲོང་རྡལ་འགན་སྲུང་རྣམ་པའི་སྡོད་ཁང་ཁྱིམ་ཚང 60དང་ཉེན་ཁ་ཅན་གྱི་ཁང་རྙིང 200སྒྱུར་བཅོས་ལེགས་འགྲུབ་བྱས་པ་མ་ཟད།  འབྲོག་ཁུལ་རྩྭ་ཐང་སྦྲ་གུར་གསར་བ 300བྱིན།  ཏང་ཨུའི་ལས་སྒོ་བཀོལ་ཁང་དང་ཞིང་འབྲོག་དམངས་ཧྲེ་ཁུལ་གྱི་ཞབས་ཞུའི་སྒྲིག་གཞི་བཅོས་སྒྱུར་འཛུགས་བསྐྲུན་རྣམ་གྲངས།  ཉེས་ཅན་ལྟ་སྲུང་ཁང་དང་དྲག་ཆས་པུའུ་ཡི་ལས་སྒོ་བཀོལ་ཁང་།  ཞིབ་དཔྱོད་ཁང་གི་ལས་སྒོ་བཀོལ་ཁང་།  ཁྲིམས་ཁང་གི་འདྲི་གཅོད་ལས་སྒོ་བཀོལ་ཁང་དང་པན་ཆེན་ཁྲིམས་ཁང་སོགས་རྣམ་གྲངས་འཛུགས་བསྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས།  ལོ་འདིའི་ནང་དུ་རྣམ་གྲངས་མང་ཆེ་བ་འཛུགས་བསྐྲུན་བཀོལ་སྤྱོད་བྱེད་རྒྱུ།  དྲུག་ནས་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་པ།  རིག་གནས་རྨང་གཞིའི་སྒྲིག་གཞི་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་ཏེ།  མང་ཚོགས་རིག་གནས་ལུས་རྩལ་ར་བ་དང་ཡུལ་སྐོར་ཐོན་ལས་རྒྱབ་སྐྱོརབོད་ཀྱི་རིག་གནས་འགྲེམ་སྟོན་ལྟེ་གནས།  རིག་གནས་དཔེ་མཛོད་ཁང་དང་ཞིན་ཧྭ་དཔེ་ཁང་།  གློག་བརྙན་ཁང་དང་མི་རིགས་ལུས་རྩལ་ར་བ་སོགས་ཀྱི་རྣམ་གྲངས་མགྱོགས་མྱུར་འཛུགས་བསྐྲུན་བྱས་ལ།  བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁེབས་ཚད་ལ་ཤུགས་སྣོན་བྱས་ཏེ།  རྫོང་རིམ་པའི་འཕྲོ་གཏོང་སྟེགས་བུ་རྒྱལ་སྤྱིའི་ས་ངོས་ཨང་ཀིའི་བརྙན་འཕྲིན་འཛུགས་བསྐྲུན་འོས་འགན་ལེགས་འགྲུབ་བྱས་པ་དང་།  མུ་མཐུད་གཟའ་འཁོར་རེ་རེར་ཐང་ཆེན་རིག་གནས་འགྲེམ་སྟོན་བྱ་འགུལ་སྤེལ་ནས།  དམངས་ཡོངས་ལུས་པོ་བདེ་ཐང་གི་འཆར་གཞི་ལག་བསྟར་བྱས་ནས།  རིག་གནས་ཐོན་ལས་ལོ་རེར་ཕྱིར་འཚོང་ཡོང་སྒོ 34%འཕར་སྣོན་བྱས།  བདུན་ནས་གྲོང་ཞང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་ཤུགས་ཆེན་སྤེལ་བ།  མདོ་འགབ་མ་སོགས་དགོན་པ་ལྔའི་གཞུང་ལམ་དང་མདོ་གོང་མའི་གཅིག་བསྡུས་གཏན་སྡོད་ས་ཚིགས།  སྟག་མཁར་ཞང་སྟག་ཐོག་གཅིག་བསྡུས་གཏན་སྡོད་ས་ཚིགས་ཀྱི་གཞུང་ལམ་སྲ་འགྱུར་ལས་གཞི་བཅས་ལག་བསྟར་བྱས་ཤིང་།  དྷི་མདའ་སོགས་ཞང5ཡི་ཟམ་པ་ཆུང་འབྲིང7འཛུགས་བསྐྲུན་བྱས་ལ།  འབོ་སྤ་ལུང་མདའ་ནས་སྨར་ཁོག་ཟམ་པ་དང་པོ་བར་གྱི་མངའ་ཁོངས་བརྒལ་བའི་གཞུང་ལམ་དང་མི་དམངས་ལམསྐབས་གཉིས་པའིགཞུང་ལམ་འཛུགས་བསྐྲུན་ལས་གཞི།  རྫོང་མཁར་ཆུ་ལོག་སྔོན་འགོག་ལས་གཞི་བཅས་ལག་བསྟར་བྱས་པ་མ་ཟད།  རྫོང་མཁར་གྱི་སྲང་ལམ་གཙོ་བོ་འཛུགས་བསྐྲུན་སོགས་རྒྱུན་མཐུད་རྣམ་གྲངས་ལག་བསྟར་བྱས་ནས།  ད་ལོར་ལེགས་འགྲུབ་ཡོང་བ་ཁག་ཐེག་བྱས།  གྲུབ་ཆེན་ནས་གྱི་མཁར་བར་གྱི་སྟོང་ཧྥུ 10ཡི་སྐུད་ལམ་དང་གློད་ཤུགས་དམའ་བའི་སྐུད་ལམ་སོགས་འཛུགས་བསྐྲུན་རྣམ་གྲངས་སྒྲུབ་མགོ་བརྩམས་ལ།  བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་རྫོང་མཁར་ཆུ་འདོན་སྦུ་གུའི་དྲ་རྒྱ།  ཆུ་ཁུངས་བཅོས་སྒྱུར་རྒྱ་བསྐྱེད་འཛུགས་བསྐྲུན་རྣམ་གྲངས་བཅས་ལག་བསྟར་བྱས་ནས།  རྫོང་མཁར་བཙོག་ཆུ་ཕྱིར་འདོན་སྤུས་ཚད་རིམ་པ་དང་པོའིAཡི་ཚད་གཞིར་སླེབས་པར་བྱས།  བརྒྱད་ནས་དབུལ་སྐྱོར་གསར་སྤེལ་མཁྲེགས་གཏོར་ནུས་ཤུགས་གཏིང་ཟབ་ཏུ་སྤེལ་བ།  ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱེད་པ་དང་།  སྡེ་ཧྲིལ་བོ་སྐུལ་སྤེལ་དང་ཡུག་གཅིག་ཏུ་འབྲེལ་བའི་དཀའ་ངལ་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ལེགས་འགྲུབ་བྱས་ཤིང་།  ཁྱད་པར་དུ་ས་ཁུལ་རིག་གནས་ཁྱད་ཆོས་ལྡན་པའི་ཐང་ག་བཟོ་བསྐྲུན་དང་ལག་ཤེས་བཟོ་ལས།  རིག་གནས།  སྒྱུ་རྩལ་སོགས་ཀྱི་ཕྱོགས་ནས་གསོ་སྦྱོང་བྱས་ལ།  དབུལ་ཕོངས་མི་གྲངས་ཀྱི་ཡོང་སྒོའི་ལམ་བུ་རྒྱ་བསྐྱེད་བྱས།  དབུལ་ཕོངས་ལས་བཟོ་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནད་དོན་ལ་ཐུགས་ཁུར་དང་ཐག་གཅོད་བྱས་ཏེ།  ཧུར་བརྩོན་གྱིས་ཡོང་སྒོ་མཐོར་འདེགས་བཏང་བ་དང་།  གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་དང་ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ།  ཞིང་ཆེན་དང་ཁུལ་དབུལ་སྐྱོབ་རོགས་སྐྱོར་གྱི་བྱ་བའི་མཐུན་སྦྱོར་ལ་ཤུགས་སྣོན་བཏང་ནས་དབུལ་སྐྱོབ་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་པ་མ་ཟད།  ནད་དང་གནོད་སྐྱོན་གྱིས་དབང་གིས་དབུལ་བོར་གྱུར་བ་ཡང་བསྐྱར་ཕྱུག་སྒྱུར་བྱེད་པའི་ལམ་བུ་འཚོལ་ཞིབ་དང་འཚོ་རྟེན་རིམ་བཞིན་ཇེ་ལེགས་སུ་བཏང་སྟེ།  གཏན་འཇགས་དབུལ་བསྐྱུར་མི་གྲངས 1720དང 15%འཕར་སྣོན་བྱས་པ་དང་།  གཅིག་བསྡུས་ཡུག་གཅིག་ཐོན་ལས་ཀྱིས་སྡེ་ཧྲིལ་བོ་སྐུལ་སྤེལ་བྱས་པའི་གྲངས་ཀ་དེ་ལག་བསྟར་སྡེ་བའི 70%ལ་སླེབས་པར་བྱས།  དགུ་ནས་གཞི་རིམ་རྩ་འཛུགས་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་པ།གཞི་རིམ་ལས་བྱེད་པའི་འཁོར་རྒྱུག་ཁང་བ་300ལྷག་དང་སྡེ་བ 33ཧྲེ་ཁུལགྱི་ཕྱོགས་བསྡུས་ཞབས་ཞུ་ཁང་བའི་རྣམ་གྲངས་བརྩོན་ལེན་བྱས་པ་མ་ཟད་ལག་བསྟར་བྱས་ལ།  གྲུབ་ཆེན་དགོན་དང་མདོ་གོང་མ་ཞང་གི་མངག་གཏོང་ཁང་གཉིས་ཀྱི་ལས་སྒོའི་ཁང་བ་ལེགས་འགྲུབ་བྱས་ཤིང་།  གྲུབ་ཆེན་དགོན་པ་དང་པད་ཡག་དགོན་པའི་དམངས་གཙོ་དོ་དམ་ཁང་གི་གཞུང་སྒྲུབ་ཁང་བ་ལེགས་འགྲུབ་བྱས།  ཞང་ཏང་ཨུའི་གཞུང་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱས་པ་དང་།  ཕྱོགས་ཡོངས་ནས་སྡེ་བའི་ཨུ་གཉིས་ཀྱི་འགོ་ཁྲིད་ཀྱི་ངལ་རྩོལ་གླ་ཆའི་ཚད་གཞི་མཐོར་འདེགས་བྱས་པ་མ་ཟད།  དགོན་པའི་དམངས་དམ་ཁང་གི་ཀྲུའུ་རིན་གྱི་ངལ་རྩོལ་གླ་ཆ་མཐོར་འདེགས་བྱས་ནས་སྡེ་ཨུ་ཁང་གི་ཀྲུའུ་རིན་གྱི་ཚད་གཞི་དང་མཉམ་པར་བྱས།  བཅུ་ནས་ཞིང་ཕྱུགས་ཆུ་བེད་ལས་གཞི་ལག་བསྟར་བྱས་པ།  སྟག་མཁར་སོགས་ཞང7དང་སྡེ་བ 18།  དགོན་པ་བཅས་ལ་མི་ཕྱུགས་འཐུང་ཆུའི་ལས་གཞི་ལག་བསྟར་བྱས་ནས།  མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཏེ།མི་ཕྱུགས་འཐུང་ཆུའི་ལས་གཞི་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། 

 ཡིག་སྒྱུར་བ། ཆོས་ལོ།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།