༄༅།།ཨར་ལས་བྱེད་རྒྱུའི་བརྡ་སྦྱོར།
གྲོང་ཁྱེར་གཞུང་ལམ་བཅོས་སྒྱུར་འཛུགས་བསྐྲུན་གྱི་དགོས་མཁོའི་དབང་གིས་པདྨ་རྫོང་འགྲིམ་འགྲུལ་དང་སྡོད་ཁང་གྲོང་ཞང་འཛུགས་བསྐྲུན་ཅུས་ཀྱིས་མི་དམངས་ལམ་དང་ཧྭ་ནུབ་ལམ། འདབས་བརྒྱད་ལམ། ཧྭ་ཤར་ལམ། གྲོང་སྐོར་ཤར་ལམ་བཅས་ལ་བཅོས་སྒྱུར་ཨར་ལས་འགོ་བརྩམས་རྒྱུ་ཡིན་ཞིང་། ཨར་ལས་དུས་ཚོད་ནི 2012ལོའི་ཟླ4བའི་ཚེས 15ཉིན་ནས 2013ལོའི་ཟླ 10བའི་ཚེས 31ཉིན་བར་ཡིན།
སྲང་ལམ་བཅོས་སྒྱུར་ལས་གཞི་བདེ་ལེགས་ངང་ལས་སྒྲུབ་བྱེད་ཆེད། ཨར་ལས་བྱེད་པའི་སྐབས་སུ་མི་དམངས་ལམ་དང་ཧྭ་ནུབ་ལམ། འདབས་བརྒྱད་ལམ། ཧྭ་ཤར་ལམ། གྲོང་སྐོར་ཤར་ལམ་བཅས་བཀག་སྡོམ་བྱེད་རྒྱུ་ཡིན་པས། རླངས་འཁོར་ཨར་ལས་རྒྱག་ས་ནས་འགྲོ་སྐབས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འཁེལ་ལ་བརྩི་སྲུང་བྱེད་པ་དང་།འགྲིམ་འགྲུལ་མཚོན་རྟགས་ཕྱོགས་སྟོན་བརྡ་འཕྲིན་ལྟར་བསྐོར་ནས་འགྲོ་བ་མ་ཟད། ལས་འགྲུབ་མི་སྣའི་ཡུལ་དངོས་ཀྱི་བཀོད་འདོམས་ལ་ཉན་པར་མཁྱེན། ང་ཚོས་ལས་གཞིའི་རྩ་འཛུགས་བྱ་བ་ནན་ཏན་གྱིས་སྒྲུབ་ཏེ། ཨར་ལས་བདེ་འཇགས་དང་དཔལ་ཡོན་ཨར་ལས་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ལ། ལས་གཞི་ཨར་ལས་ཀྱིས་སྟབས་མི་བདེ་བ་བཟོས་པས། རྒྱ་ཆེ་བའི་གྲོང་མི་རྣམས་ཀྱིས་བཟོད་སྒོམ་བྱེད་པར་ཞུ།
པདྨ་རྫོང་འགྲིམ་འགྲུལ་དང་སྡོད་ཁང་གྲོང་ཞང་འཛུགས་བསྐྲུན་ཅུས།
པདྨ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་སྐོར་ཞིབ་ཉེན་རྟོག་རི་ཆེན།
སི་ཁྲོན་ཞིན་ཧྲུའུ་བཟོ་བསྐྲུན་ཚད་ཡོད་ཀུང་སི།
ཡིག་སྒྱུར་བ། ཆོས་ལོ།
|