༄༅།།པདྨ་རྫོང་གི་ཞང་བརྒྱད་དང་གྲོང་རྡལ་གཅིག་གི་ཞིང་སྡེའི་རིག་གནས་ས་ཚིགས་ཀྱི་གཞུང་སྒྲུབ་སྒྲིག་བཀོད་ཡོངས་རྫོགས་བགོ་སྤྲོད་བྱས་པ།
ཟླ3པའི་ཚེས25ཉིན་གྱི་ཕྱི་དྲོ། པདྨ་རྫོང་གིས་ཞང་བརྒྱད་དང་གྲོང་རྡལ་གཅིག་གི་ཞིང་སྡེའི་རིག་གནས་ས་ཚིགས་ཀྱི་གཞུང་སྒྲུབ་སྒྲིག་བཀོད་བགོ་སྤྲོད་མཛད་སྒོ་སྤེལ་ཞིང་། རྫོང་རིག་རྩལ་རྒྱང་སྒྲོགས་བརྙན་འཕྲིན་ཅུས་ཀྲང་གིས་མཛད་སྒོར་མདོ་འཛིན་བྱས་ལ། རྫོང་ཨུའི་རྒྱུན་ཨུ།རྫོང་ཨུའི་དྲིལ་བསྒྲགས་པུའུ་ཀྲང་ཚེ་རིང་སྐྱིད་ཀྱིས་གསུང་བཤད་གནང་། མོས་ནན་གྱིས་བསྟན་དོན། ཞིང་སྡེ་རིག་གནས་ས་ཚིགས་ཀྱིས་དངོས་སུ་ནུས་པ་བཏོན་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སློབ་གསོ་མཛུབ་སྟོན་དང་རོགས་རམ་བྱས་ནས་སྔོན་ཐོན་རིག་གནས་ཤེས་བྱ་རྒྱུས་ལོན་བྱེད་པ་དང་། ཏང ་གི་གསུང་སྐད་ཁྱིམ་ཚང་ཁྲི་སྟོང་མང་བོ་དང་ཞིང་འབྲོག་མང་ཚོགས་ཀྱི་སེམས་སུ་བརྒྱུད་བསྒྲགས་བྱེད་དགོས།
རང་རེའི་རྫོང་གི་ཞང་བརྒྱད་དང་གྲོང་རྡལ་གཅིག་གི་ཞིང་སྡེའི་རིག་གནས་ས་ཚིགས་ཡོངས་རྫོགས་ན་ནིང་འཛུགས་བསྐྲུན་བྱས་ཚར་ནས་བཀོལ་སྤྱོད་བྱས་པ་མ་ཟད། ན་ནིང་གཞུང་སྒྲུབ་སྒྲིག་བཀོད་སྐོར་ཞིག་བྱིན་ཡོད་ལ། ཐེངས་འདིར་ཞང་བརྒྱད་དང་གྲོང་རྡལ་གཅིག་ལ་བསྡོམས་པས་གཞུང་སྒྲུབ་སྒྲིག་བཀོད་སྒོར་ཁྲི3གྱི་རིན་ཐང་བྱིན་པ་ཡིན།
|