༄༅།།པདྨ་རྫོང་གིས་ཁྱིམ་ཚང་རེ་རེར་ཤར་གཏོང་བྱ་བ་བདེ་ལེགས་ངང་སྤེལ་བ།
2012ལོ་ནས་བཟུང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་བྱས་པའི་འོག་ཏུ། རང་རེའི་རྫོང་གི་རྒྱང་སྒྲོག་བརྙན་འཕྲིན་ཁྱིམ་ཚང་རེ་རེར་ཤར་གཏོང་བྱ་བ་མུ་མཐུད་སྐུལ་འདེད་བྱས་པས། གྲུབ་འབྲས་དགའ་འོས་པ་ཞིག་བླངས་བ་རེད།
2012ལོར། རང་རེའི་རྫོང་གིས་རྒྱང་སྒྲོག་བརྙན་འཕྲིན་ཁྱིམ་ཚང་རེ་རེར་ཤར་གཏོང་བྱེད་པའི་སྒྲིག་ཆས་ཆ་ཚང 3019བརྩོན་ལེན་བྱས་ཤིང་། ཟླ10བའི་ཟླ་དཀྱིལ་དུ་སྒྲིག་ཆས་ཐོན་པའི་རྗེས་སུ། རྫོང་བརྙན་འཕྲིན་ཁང་གིས་ཆེད་ལས་ཅན་དང་ཚད་ལྡན་ཅན། ཚད་གཞི་མཐོན་པོའི་རེ་བ་ལྟར། བྱ་བའི་གོ་རིམ་རེ་རེ་བཞིན་ལག་བསྟར་ལེགས་པོ་བྱེད་པར་ཁག་ཐེག་བྱས་པ་དང་། ཟླ11པའི་ཚེས་27ཉིན་བར་དུ། སྒྲིག་ཆས་ཆ་ཚང་3019ཡོད་ཚད་བསྡུ་ལེན་ནང་འདྲེན་བྱེད་པ་ལེགས་འགྲུབ་བྱས་ལ། དེའི་ཁྲོད་དུ་སྒྲིག་ཆས་ཆ་ཚང་2918སྡེ་བ་དང་ཁྱིམ་ཚང་དུ་ལྷུ་སྒྲིག་བྱ་བ་ལེགས་འགྲུབ་བྱས་ཤིང་། རྨང་གཞིའི་ས་ཚིགས་དང་འོས་འཚམ་མིན་པའི་སྒྲིག་ཆས་ཆ་ཚང 60ཡོད་པ་དང་། གནད་དོན་ཡོད་པའི་བརྙན་འཕྲིན་ཀླད་སྒམ་ཆ་ཚང་41ཡོད་པས། མིག་སྔར་བརྙན་འཕྲིན་ཁང་གིས་ཞིང་ཆེན་བརྙན་འཕྲིན་ཅུས་ལ་འབྲེལ་གཏུག་བྱས་ནས།གནད་དོན་ཡོད་པའི་སྒྲིག་ཆས་ཞིག་གསོ་དང་དག་སྒྲིག་བྱས་ཏེ། ཟླ12པའི་ཟླ་དཀྱིལ་བར་དུ་ཕྱོགས་ཡོངས་ནས་བྱ་བའི་འོས་འགན་ལེགས་འགྲུབ་བྱེད་པར་འབད་བརྩོན་བྱེད་རྒྱུ།
|