ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> དཔལ་འབྱོར་འཛུགས་སྐྲུན།
༄༅།།པདྨ་རྫོང་གིས་ཞིང་སྡེ་འབྲོལ་ཁུལ་གྱི་ཞང་དང་གྲོང་རྡལ་ཕྱོགས་བསྡུས་བཅོས་སྒྱུར་སྤྱི་བསྡོམས་གྲོས་ཚོགས་འཚོགས་པ།
འབྱུང་ཁུངས།:རྫོང་ཞིང་སྡེ་འབྲོག་ཁུལ་གྱི་ཞང་དང་གྲོང་རྡལ་ཕྱོགས་བསྡུས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་། 2012/11/27 9:40:11
 

༄༅།།པདྨ་རྫོང་གིས་ཞིང་སྡེ་འབྲོལ་ཁུལ་གྱི་ཞང་དང་གྲོང་རྡལ་ཕྱོགས་བསྡུས་བཅོས་སྒྱུར་སྤྱི་བསྡོམས་གྲོས་ཚོགས་འཚོགས་པ།

2012ལོའི་ཟླ 11པའི་23ཉིན།   པདྨ་རྫོང་གིས་ཞིང་སྡེ་འབྲོལ་ཁུལ་གྱི་ཞང་དང་གྲོང་རྡལ་ཕྱོགས་བསྡུས་བཅོས་སྒྱུར་སྤྱི་བསྡོམས་གྲོས་ཚོགས་འཚོགས་ཤིང་།   པདྨ་རྫོང་ཞིང་སྡེ་འབྲོལ་ཁུལ་ཕྱོགས་བསྡུས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་མི་སྣ་དང་ཞང་དང་གྲོང་རྡལ་སོ་སོའི་འགན་ཁུར་བ་གཙོ་བོ་བཅས་གྲོས་ཚོགས་སུ་ཞུགས་ལ།   རྫོང་ཨུའི་རྒྱུན་ལས།   རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཀྲང་ཨན་སེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་སྟེང་དུ།   སེ་ལེ་ཐང་གྲོང་རྡལ་དང་སྨར་ཁོག་ཞང་གི་འགན་འཁུར་བས་ཞང་དང་གྲོང་རྡལ་ཕྱོགས་བསྡུས་བཅོས་སྒྱུར་སྤྱི་བསྡོམས་དང་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་གནང་ཤིང་།   རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལི་ཧན་ཅིང་གིས་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་ཕྱོགས་བསྡུས་བཅོས་སྒྱུར་གནས་ཚུལ་ཞིབ་ཕྲ་སྒོས་སྤྱི་བསྡོམས་བྱས་པ་མ་ཟད།   མི་འདང་ས་དང་རྗེས་ཕྱོགས་ཀྱི་འབད་བརྩོན་ཁ་ཕྱོགས་བསྟན་པ་རེད།   མཇུག་མཐར་རྫོང་དཔོན་གཞོན་པ་ཀྲང་ཨན་སེ་ཡིས་བསྟན་དོན།   ཐེངས་འདིའི་ཞང་དང་གྲོང་རྡལ་ཕྱོགས་བསྡུས་བཅོས་སྒྱུར་གྱི་གྲུབ་འབྲས་ཅུང་བཟང་བོ་ལོན་པ་དང་།   ཞང་དང་གྲོང་རྡལ་ལས་དོན་སྒྲིག་གཞི་བཀོད་སྒྲིག་སྔར་ལས་འོས་འཚམས་ཡིན་ཞིང་།   ལས་གནས་བཀོད་སྒྲིག་སྔར་ལས་ཚན་རིག་དང་ལྡན་ལ།   སྒྲིག་ཁོངས་དང་མི་སྣ་གོམ་གང་མདུན་སྤོས་སྒོས་ལེགས་སྒྲིག་དང་ཁ་གསབ་བྱས་པས།   འདིས་གོམ་གང་མདུན་སྤོས་སྒོས་ཞང་དང་གྲོང་རྡལ་འགན་ནུས་ནུས་པ་ཐོན་པར་སྐུལ་འདེད་བྱེད་པ་དང་།   དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་ཕན་འབྲས་མཐོར་འདེགས་བྱེད་ཐུབ།   རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ།   གཅིག་ནས་རྗེས་ཕྱོགས་ཀྱི་བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱས་ཏེ།   ཐེངས་འདིའི་བཅོས་སྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།   གཉིས་ནས་ཞང་དང་གྲོང་རྡལ་བྱ་བ་སྣ་ཚོགས་ཀྱི་སྤྲོད་ལེན་བཀོད་སྒྲིག་ལེགས་པོ་བྱེད་དགོས།   གསུམ་ནས་གོམ་གང་མདུན་སྤོས་སྒོས་ཞང་དང་གྲོང་རྡལ་གྱི་ལས་སྒྲུབ་མི་སྣའི་གསོ་སྦྱོང་བྱ་བ་ལེགས་པོ་སྒྲུབ་ནས།   བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བར་འབད་པ་བྱེད་དགོས།   བཞི་ནས་གོམ་གང་མདུན་སྤོས་སྒོས་རྫོང་དང་ཞང་གི་འབྲེལ་བ་ལེགས་པོར་སྲུང་ནས།   ཞང་དང་གྲོང་རྡལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྟེ་གནས་དང་ཞིང་ཕྱུགས་ལས་ལག་རྩལ་ཞབས་ཞུ་ས་ཚིགས་ཀྱི་འགན་ནུས་ནུས་པར་ཤུགས་སྣོན་བྱེད་དགོས།  

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།