ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> དཔལ་འབྱོར་འཛུགས་སྐྲུན།
༄༅།།རོགས་སྐྱོར་བྱས་པས་གངས་རིའི་ལྗོངས་ལ་ཕན། ཕུའུ་ཅང་བརྩེ་བས་དམངས་ལ་དྲོད་འཇམ་སྦྱིན།
འབྱུང་ཁུངས།: 2012/11/24 9:30:17
 

༄༅།།རོགས་སྐྱོར་བྱས་པས་གངས་རིའི་ལྗོངས་ལ་ཕན།   ཕུའུ་ཅང་བརྩེ་བས་དམངས་ལ་དྲོད་འཇམ་སྦྱིན།

ཟླ11པའི་ཚེས 20ཉིན།   པདྨ་རྫོང་གིས་ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ་གྱིས་ཉི་ནུས་སྒྲུལ་བདེ་གློག་ཁོངས་ལེགས་སྐྱེས་འབུལ་བའི་མཛད་སྒོ་གཟབ་རྒྱས་ངང་ཚོགས་ཤིང་།   རྫོང་གི་སྡེ་ཁག་ཆེན་པོ་བཞིའི་འགོ་ཁྲིད་དང་།    རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་བ་གཙོ་བོ།   ཞང་དང་གྲོང་རྡལ་སོ་སོའི་འགན་འཁུར་བ།མང་ཚོགས་ཀྱི་འཐུས་ཚབ་པ་བཅས་བསྡོམས་པས་མི་80ལྷག་མཛད་སྒོར་ཞུགས་ལ།   རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཅཱང་ཡ་ཆུང་གིས་མཛད་སྒོར་འགོ་འཛིན་བྱས།

ད་ལོའི་ཟླ7པར།   ཧྲང་ཧེ་གྲོང་ཁྱེར་རྟོག་ཞིབ་ཚོགས་པའི་ཆིན་ཕུའུ་ཡན་ལག་ཚོགས་པ་པདྨ་རྫོང་ལ་ཕེབས་ཏེ་རྟོག་ཞིབ་བྱས་ཤིང་།   གྱི་མཁར་ཞང་ནས་རྟོག་ཞིབ་བྱེད་སྐབས།   གྱི་མཁར་ཞང་གི་ལས་བྱེད་པའི་གློག་བཀོལ་སྤྱོད་ཐད་དཀའ་ཁག་ཡོད་པས།   རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་རོལ་ཐབས་དཀའ་བ་དང་།   ལྷག་པར་དུ་སློབ་གྲྭའི་དགེ་རྒན་དང་སློབ་མས་རྡོ་སྣུམ་གློག་འདོན་འཕྲུལ་ཆས་ལ་བརྟེན་ནས་ཁྲིད་ཟིན་དང་ལས་བྱ་ལེགས་འགྲུབ་བྱེད་ཐབས་ཡོང་བར་བྱེད་པ་མཐོང་བས།   ལས་བྱེད་པ་དང་མང་ཚོགས་ཀྱི་ཁེ་ཕན་གནད་དོན་འདི་ལ་གཞིགས་ཏེ།   རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འབྲེལ་གཏུག་བརྒྱུད་ནས་ཆིན་ཕུའུ་བཟོ་ལས་ཁུལ་གྱིས་པདྨ་རྫོང་ལ་ཉི་ནུས་ལམ་སྒྲོན་100དང་ཉི་ནུས་སྒུལ་བདེ་གློག་ཁོངས་ཆ་ཚང་400བཅས་ལེགས་སྐྱེས་སུ་ཕུལ་ལ།   རོགས་སྐྱོར་མ་དངུལ་སྒོར་ཁྲི 165སླེབས་པ་རེད།   ཟླ11པའི་ཟླ་མགོར།   རྫོང་ཏང་སྲིད་འཐུས་ཚབ་ཚོགས་པ་ཕྱིར་ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ་ལ་བཅར་འདྲི་བྱེད་དུ་སོང་ཞིང་།   ཆིན་ཕུའུ་བཟོ་ལས་ཁུལ་དང་ལེགས་སྐྱེས་འབུལ་རྒྱུའི་ཐོ་འགོད་གྲོས་ཚོགས་འཚོགས་ཏེ།   རྣམ་གྲངས་འདི་དངོས་སུ་ལག་བསྟར་བྱས་པ་རེད།

རྫོང་ཨུའི་ཧྲུའུ་ཅི་ལིའུ་པོ་ཡིས་བཀོད་སྒྲིག་བྱེད་ཐབས་ཁྱབ་བསྒྲགས་བྱས་ཤིང་།   གཙོ་བོ་གྱི་མཁར་ཞང་སོགས་གློག་བཀོལ་སྤྱོད་ཐད་དཀའ་ཁག་ཡོད་པའི་ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཁ་ཕྱོགས་རྒྱུ་ཟེར།   རྫོང་ཨུའི་ཧྲུའུ་ཅི་ལིའུ་པོ་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཤ་བོ་སྐྱབས་གཉིས་ཀྱིས་གསུང་བཤད་གལ་ཆེན་གནང་སྟེ།   གསུང་བཤད་ཁྲོད་དུ།   ཁོས་ཐོག་མར་རྫོང་གི་སྡེ་ཁག་ཆེན་པོ་བཞིའི་འགོ་ཁྲིད་དང་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་བྱས་ཏེ།   ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ་དང་བཟོ་ལས་ས་ཁུལ་གྱིས་སྔ་གཞུག་ཀུན་ཏུ་པདྨ་རྫོང་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ཤིང་།   ལྷག་པར་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་དང་དམངས་འཚོ་ཁྱབ་ཁོངས།   ཤེས་རིག་གསོ་སྦྱོང་སོགས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བ་ཡིན།   པདྨ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་མ་ཟད།   རང་ཉིད་ཀྱི་ནུས་པ་མཐོར་འདེགས་བྱེད་པའི་ཐད་ལའང་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།