༄༅།།པདྨ་རྫོང་ཁྲིམས་འཛིན་ཅུས་ཀྱི་ལས་དོན་གཞུང་སྒྲུབ་བཀོལ་སྤྱོད་ཁང་བ་བདེ་ལེགས་ངང་རྟོག་ཞིབ་རྩིས་ལེན་བྱས་པ།
2012ལོའི་ཟླ 10བའི་ཚེས 29ཉིན། པདྨ་རྫོང་གིས་ཁྲིམས་འཛིན་ཅུས་ཀྱི་ལས་དོན་གཞུང་སྒྲུབ་བཀོལ་སྤྱོད་ཁང་བ་རྩིས་ལེན་བྱེད་པའི་གྲོས་ཚོགས་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་རྡོ་སོལ་ཇུས་འགོད་ཁང་དང་མཚོ་སྔོན་ཞིང་ཆེན་ཅི་ཡོན་བཟོ་བསྐྲུན་ལྟ་ཞིབ་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་། རྫོང་ལྟ་ཞིབ་ཅུས། རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུས། རྫོང་རྩིས་བཤེར་ཅུས། རྫོང་འགྲིམ་འགྲུལ་འཛུགས་བསྐྲུན་ཅུས། རྫོང་ནོར་སྲིས་ཅུས། རྫོང་ཞིབ་དཔྱོད་ཁང་བཅས་ཀྱི་འགོ་བ་གཙོ་བོ་གྲོས་ཚོགས་སྟེང་གདན་འདྲེན་བྱས་ལ།ས་གནས་དངོས་སུ་ལྟ་ཞིབ་ལྡོག་འདྲེན་བྱས་པ་བརྒྱུད། བཟོ་བསྐྲུན་གན་རྒྱ་དང་ཨར་ལས་དཔེ་རིས་ཀྱི་རེ་བ་ལྟར་འཛུགས་བསྐྲུན་བྱས་ཡོད་པ་དང་། བཟོ་བསྐྲུན་སྤུས་ཚད་ཀྱི་ཚད་གཞི་དང་མཐུན་མོད། འོན་ཀྱང་ད་དུང་ཞིབ་ཕྲའི་གནད་དོན་ཡོད་དེ། དཔེར་ན་གཏོང་ལེན་ཁང་གི་སྒེའུ་ཁུང་སྟེགས་བུ་མཐོ་ཆེས་ལ། ཐོག་བརྩེགས་གསུམ་པའི་ཆུ་སྦུག་གཡོ་འགུལ་བྱེད་པ་སྲ་བརྟན་བྱེད་དགོས་པ། ཁང་བ་ཁ་ཤས་ཀྱི་གྱང་ངོས་སུ་དཀར་རྩི་བྱུག་པ་མཉམ་པོ་མིན་པ་དང་། ཆར་ཆུ་བཞུར་སའི་སྦུ་གི་ཁ་གསབ་བྱེད་དགོས་པ་སོགས་ཀྱི་གནད་དོན་ཡོད་པས། ཨར་ལས་རྒྱག་མཁན་གྱིས་དུས་བཅད་ནང་ལྟར་བཅོས་སྒྱུར་བྱེད་པའི་བརྡ་སྦྱོར་བྱས་པ་མ་ཟད། མཇུག་མཐར་ཕྱོགས་གཉིས་ཀའི་བསམ་འཆར་ལྟར། ངེད་ལས་ཁུངས་ཀྱི་གཞུང་སྒྲུབ་བཀོལ་སྤྱོད་ཁང་བ་བདེ་ལེགས་ངང་རྟོག་ཞིབ་རྩིས་ལེན་བྱས་པ་རེད།
རང་རེའི་རྫོང་གི་ཁྲིམས་འཛིན་ཅུས་ཀྱི་ལས་དོན་བཀོལ་སྤྱོད་ཁང་བ་ནི་2011ལོའི་ཟླ5བའི་ཟླ་དཀྱིལ་དུ་འཛུགས་བསྐྲུན་བྱེད་མགོ་བརྩམས་པ་དང་། རང་རེའི་རྫོང་གི་ཡིག་ཚགས་ཁང་གི་ནུབ་འགྲམ་དུ་ཡོད་ལ། ས་ངོས་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་306དང་འཛུགས་བསྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་900ཡོད། རྣམ་གྲངས་སྤྱིའི་མ་དངུལ་སྒོར་ཁྲི 225ཡིན་ཞིང་། དེའི་ཁྲོད་དུ་ཀྲུང་དབྱང་སྔོན་རྩིས་ནང་ཁུལ་གྱི་མ་དངུལ་སྒོར་ཁྲི 191དང་ས་གནས་ཀྱིས་མ་དངུལ་སྒོར་ཁྲི 34བཏང་བ་རེད།
|