༄༅།།སྟག་མཁར་ཞང་མཚམས་སྦྱོར་མདོར་བསྡུས།
སྟག་མཁར་ཞང་ནི་ཤར་གྱི་གཞུང་ཐིག་100°03´དང་འཕྲེད་ཐིག་བྱང་མའི 33°00´སྟེ། པདྨ་རྫོང་མཁར་གྱི་ནུབ་བྱང་གི་རྡོ་ཁོག་ཆུ་བོའི་འགྲམ་རྒྱུད་དུ་ཆགས་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1156ཡོད་པ་དང་། དེ་ལས་བཀོལ་སྤྱོད་བྱས་ཆོག་པའི་རྩྭ་ཐང་གི་རྒྱ་ཁྱོན་ལ་མུའུ་ཁྲི 169.7 4ཡོད། མངའ་ཁོངས་སུ་འབྲོག་ཨུ་ཁང་4དང་མཉམ་ལས་ཧྲེ 15ཡོད་པ་དང་། ཞང་ཡོངས་སུ་བསྡོམས་པས་ཁྱིམ་ཚང་619དང་མི་གྲངས 2458ཡོད་ལ། དེའི་ཁྲོད་དུ་བོད་རིགས་ཀྱིས་99%ཟིན་པ་དང་། སྟབས་བདེའི་གཞུང་ལམ་རྫོང་མཁར་དང་འབྲེལ་ཡོད་ཅིང་། པདྨ་རྫོང་གི་ལྕུམ་རྩྭ་དང་གསེར་ཕྱེ་ཐོན་སྐྱེད་རྟེན་གཞི་ཡོད་པ་རེད། ཞང་ཡོངས་འབྲོག་ལས་གཙོ་བོ་ཡིན་ཞིང་། 2006ལོའི་ལོ་མཇུག་ཏུ་ཕྱུགས་རིགས་སྣ་ཚོགས་40344ཡོད། སྟག་མཁར་ཞེས་པ་ནི་རུས་རྒྱུད་ཚོ་ཁག་གི་མིང་ཡིན་ཞིང་། ཞང་འདི་ན་སྟག་ཐོག་དང་མཁར་ནང་ཚོ་བ་གཉིས་ཀྱི་འབྲོག་དམངས་ཀྱིས་འཚོ་བ་རོལ་བཞིན་ཡོད་པས། 1962ལོར་ཞང་འཛུགས་སྐབས་མིང་ལ་སྟག་མཁར་ཞང་བཏགས་པ་དང་། 1981ལོར་སྟག་མཁར་ཀུང་ཧྲེ་ལ་བསྒྱུར། 1984ལོར་སླར་ཡང་སྟག་མཁར་ཞང་མི་དམངས་སྲིད་གཞུང་ཞེས་བཏགས་པ་རེད།
|