ཤ་བོ་སྐྱབས། ཕོ། བོད་རིགས། 1970ལོའི་ཟླ10བར་མཚོ་སྔོན་ཞོན་ཧྭ་རྫོང་དུ་སྐྱེས།
སློབ་གཉེར་བརྒྱུད་རིམ།
ཉིན་གང་ལམ་ལུགས་ཀྱི་སློབ་གསོ། སློབ་ཆེན་ཆེད་སྦྱོང་ཡིན། མི་རིགས་སློབ་ཆེན་སྲིད་འཛིན་དོ་དམ་སྐོར་གྱི་ཆེད་ལས་ཡིན།
ལས་ཐོག་སློབ་གསོ། སློབ་ཆེན་རྩོམ་རིག་ཤེས་རམས་པ་མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་སློར་གཉེར་བྱས།
ལོ་རྒྱུས་མཚམས་སྦྱོར་མདོར་བསྡུས།
1991ལོའི་ཟླ9བར་ཏང་ནང་ལ་ཞུགས། 1989ལོའི་ཟླ7པར་ལས་ཞུགས་བྱས།
1986ལོའི་ཟླ9ནས1989ལོའི་ཟླ7པའི་བར་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་སྦྱོང་བྱས།
1989ལོའི་ཟླ7ནས1990ལོའི་ཟླ3པའི་བར་ལ་མཚོ་སྔོན་ཞིང་ཆེན་ཞོན་ཧྭ་རྫོང་བིས་མདོ་སློབ་ཁུལ་གྱི་དགེ་རྒན་ཡིན།
1990ལོའི་ཟླ3ནས1992ལོའི་ཟླ9པའི་བར་ལ་མཚོ་སྔོན་ཞིང་ཆེན་ཞོན་ཧྭ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་པ་དང་འདྲི་གཅོད་རམ་འདེགས་པ་ཡིན།
1992ལོའི་ཟླ9ནས2005ལོའི་ཟླ9བའི་བར་ལ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱི་ཡིག་སྒྱུར་ཁྲུའུ་ཡི་ལས་བྱེད་ཡིན། (2003ལོའི་ཟླ5ནས2005ལོའི་ཟླ9བའི་རིང་ལ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་
ཐེམ་ཆེན་རྫོང་གི་འགན་བཀལ་རྫོང་དཔོན་གྱི་ལག་རོགས་མཛད)
2005ལོའི་ཟླ9ནས2007ལོའི་ཟླ12པའི་བར་ལ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱི་སྤྱི་ཚོགས་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།
2007ལོའི་ཟླ12ནས2011ལོའི་ཟླ7པའི་བར་ལ་མཚོ་སྔོན་ཞིང་ཆེན་ཡིག་སྐུར་ངོ་གཏུག་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་འཁུར། (ཁྲུའུ་ཀྲང་རྒན་པའི་རིམ་པ་ཡིན)
2006ལོའི་ཟླ1ནས2009ལོའི་ཟླ1བར་ལ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་འཕྲིན་བརྒྱུད་སློབ་ཁྲིད་དངོས་གཞི་འཛིན་གྲྭ་ནས་སློབ་གཉེར་བྱས།
2009ལོའི་ཟླ1ནས2009ལོའི་ཟླ6བར་ལ་རྒྱལ་ཁབ་ཡིག་སྐུར་ངོ་གཏུག་ཅུས་ངོ་གཏུག་སྣེ་ལེན་སུ་ཡི་འགན་བཀལ་སུ་ཀྲང་གི་ལག་རོགས་བྱས། (2010ལོའི་ཟླ5ནས2011ལོའི་ཟླ7བར་ལ་མཚོ་སྔོན་ཡུལ་ཤུལ་ས་འགུལ་གནོད་སྐྱོན་
བསྐྱར་འཛུགས་བྱེད་སའི་བཀོད་འདོམས་པུའུ་ཕྱོགས་བསྡུས་རྩ་འཛུགས་ཙུའུ་ཡི་ཙུའུ་ཀྲང་གཞོན་པའི་འགན་བཞེས)
2011ལོའི་ཟླ7ནས2011ལོའི་ཟླ8བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དང་རྫོང་དཔོན་གྱི་ཚབ་འགན་བཞེས།
2011ལོའི་ཟླ8ནས2014ལོའི་ཟླ8པའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གྱི་འགན་བཞེས།
2014ལོའི་ཟླ8ནས2014ལོའི་ཟླ12བའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གྱི་འགན་བཞེས།
2015ལོའི་ཟླ1ནས2016ལོའི་ཟླ11བའི་བར་ལ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།
2016ལོའི་ཟླ11ནས་ད་ལྟའི་བར་དུ་མགོ་ལོག་ཁུལ་ཨུའི་རྒྱུན་ཨུ་དང་པདྨ་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད་ལ། རྫོང་ཨུའི་བྱ་བ་ཡོངས་རྫོགས་ཀྱི་གཙོ་འགན་འཁུར་ཞིང་།
བྱེ་བྲག་ཏུ་མི་དམངས་དྲག་དཔུང་གི་བྱ་བ་དང་། རྫོང་དམངས་ཆེན་དང་རྫོང་སྲིད་གྲོས་ཀྱི་འབྲེལ་གཏུག་དང་བཀོད་འདོམས་བྱེད་པའི་འགན་བཞེས་ཡོད།