ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> ཏང་གི་མང་ཚོགས་ལམ་ཕྱོགས།
༄༅།།མང་ཚོགས་ལམ་ཕྱོགས་ནི་སྲིད་སྐྱོང་བའི་སྲོག་རྩ་ཡིན།
འབྱུང་ཁུངས།: 2012/8/14 15:55:31
 

༄༅།།མང་ཚོགས་ལམ་ཕྱོགས་ནི་སྲིད་སྐྱོང་བའི་སྲོག་རྩ་ཡིན།

ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་བསམ་གཞིག་གསར་བ།

   མེ་ལོང་ལ་བལྟ་བ་དང་གོན་པ་གྲལ་དག་གྱོན་པ།རང་ལུས་གཙང་བཀྲུ།ནད་བཅོས་བྱེད་པ་བཅས་གོང་ནས་འོག་བར་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ཞིག་ཏང་ཡོངས་སུ་སྤེལ་མགོ་བརྩམས་རྒྱུ་རེད།གནས་བབ་གསར་བ་འོགཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་མོའི་ཁ་ལོ་སྒྱུར་མཁན་ཡིན་པའི་ཆ་ནས།སྲིད་སྐྱོང་ཏང་གིས་ཡང་བསྐྱར་མང་ཚོགས་ལམ་ཕྱོགས་ཀྱི་ཐབས་མཆོག་དེ་བཏོན་ཏེ།ཏང་དང་མང་ཚོགས་དང་།ལས་བྱེད་པ་དང་མང་ཚོགས་བཅས་བར་གྱི་ཆུ་དང་ཉ་མོ་ལྟ་བུའི་འབྲེལ་བ་དང་ཤ་ཁྲག་ལྟ་བུའི་བརྩེ་དུང་དེ་བསྐྱར་བསྒྲགས་དང་བསྐྱར་གླེང་།བསྐྱར་སྐྲུན་བཅས་བྱེད་པར་དོན་སྙིང་ཟབ་མོ་ལྡན།

རང་རེའི་ཏང་གི་ལོ་ངོ 90ལྷག་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་བལྟ་བྱས་ན།མང་ཚོགས་ལམ་ཕྱོགས་ནི་བསམ་པའི་བརྟེན་ས་གཙོ་བོར་བཟུང་ནས་ཐོག་མཐའ་བར་གསུམ་དུ་བསྟར་ལ་བརྒྱུས་ཡོད།ཅིན་ཀང་རོ་བོའི་སྟེང་གི་འབྲས་དམར་དང་ནན་ཀྭ་ཁུ་བའི་བག་ཆགས་དང་།པའོ་ཐ་རི་བོའི་འདབས་ཀྱི་མཉམ་ཟ་མཉམ་འདུག་དང་མཉམ་དུ་ངལ་རྩོལ་བྱེད་པའི་བརྩེ་བ།གངས་རི་ནག་ཆུ་དང་ས་སྟོང་ལུང་སྟོང་ཁྲོད་ཏང་ཡོན་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་སྒེར་སེམས་དོར་ཏེ་ཡོད་ཚད་ཕུལ་བ་སོགས་སྔར་བཞིན་སེམས་ལ་གཤགས་འདུགཡོད་ཚད་མང་ཚོགས་ཀྱི་ཆེད་དང་ཡོད་ཚད་མང་ཚོགས་ལ་བརྟེན་དགོས་པའི་མང་ཚོགས་ཀྱི་འདུ་ཤེས་དེ་ཡོད་ན།ང་ཚོར་ད་གཟོད་མང་ཚོགས་དུང་ཕྱུར་ཁྲི་ལྷག་གི་རྒྱབ་སྐྱོར་དང་ཡིད་ཆེས་ཐོབ་ངེས་ལ།ད་གཟོད་ནུས་ཤུགས་འབྱུང་ཁུངས་དང་སྲིད་སྐྱོང་གི་རྨང་གཞི་ཐོབ་ཐུབ།མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་འགྲོ་བའི་བྱ་བའི་ཐབས་ལམ་ཡོད་ན།ད་གཟོད་མང་ཚོགས་ཏང་དང་མང་ཚོགས་ཀྱི་གཅིག་སེམས་གཅིག་གཏོད་ཡོང་བ་དང་།ཏང་གི་ལམ་ཕྱོགས་ཡང་དག་དེ་མང་ཚོགས་ཀྱི་རང་འགུལ་འགུལ་སྐྱོད་དུ་འགྱུར་བའི་ལག་ལེན་གྱི་སྟོབས་ཤུགས་སུ་འགྱུར་ངེས་ཡིན།

ཉེ་བའི་ལོ་འདི་འགར།ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་ཆེན་པོ་ཨང་གཉིས་པར་གྱུར་བ་དང་བསྟུན་ནས།མི་དམངས་དུང་ཕྱུར་འགའི་འཚོ་བ་དང་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་བས།ཕྱི་རྒྱལ་གྱི་སྨྱན་བྱད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ནི་ད་ལྟའི་བར་དུ་ཆེས་ལེགས་འགྲུབ་བྱུང་བའི་མི་དམངས་ཀྱི་སྲིད་ཏང་ཞིག་ཡིན་པར་བརྡར་ཤ་བཅད།ཞིང་ལས་དཔྱ་ཁྲལ་མེད་པར་བཏང་བ་དང་རིན་མི་ལེན་པར་འོས་འགན་སློབ་གསོ་སྤེལ་བ།དབུལ་ཐར་མི་འབོར་ཧྥ་རན་སེའི་སྤྱིའི་མི་འབོར་དང་མཚུངས་བ་ནས་འཛམ་གླིང་གི་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་དྲ་བ་བཙུགས་པའི་བར།དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱུང་བ་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཆེས་ཆེ་བའི་གྲུབ་འབྲས་ཡིན་ལ།ཀྲུང་གོས་འཛམ་གླིང་ལ་བཞག་པའི་ཆེས་ཆེ་བའི་བྱས་རྗེས་ཀྱང་ཡིན་པས།རང་རེའི་ཏང་གིས་དུས་རབས་གསར་བའི་ནང་གསར་གཏོད་མདུན་སྐྱོད་བྱེད་པའི་ཐད་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིངས།

ཡིན་ནའང་།གནད་དོན་ཡོད་ཚད་ནི་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་ཐག་བཅད་པ་མིན།ཏང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ།འཛམ་གླིང་གི་གནས་ཚུལ་བཅས་ཐད་འགྱུར་ལྡོག་ཆེན་པོ་བྱུང་བའི་དེང་གི་དུས་འདིར།དམངས་གཙོ་ཅན་དང་ཆ་འཕྲིན་ཅན།འཛམ་གླིང་ཧྲིལ་བོ་ཅན་གྱི་ཚ་རླབས་གཅིག་རྗེས་གཉིས་མཐུད་དུ་འཕྱུར་བའི་གནས་ཚུལ་འོགཕྱོགས་གཅིག་ནས་མང་ཚོགས་ཀྱི་དབང་ཆར་སེམས་ཁྲལ་དང་ཁེ་ཕན་ལ་ཚོར་སྐྱེན་བྱུང་བ་བསྟུད་མར་ཇེ་མཐོར་འགྲོ་བཞིན་ཡོད་པས།རང་རེའི་ཏང་གིས་མང་ཚོགས་ཀྱི་བྱ་བར་གཅིག་གྱུར་ངང་བཀོད་འདོམས་དང་མཐུན་སྦྱོར་བྱེད་པའི་དཀའ་ཁག་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད།ཕྱོགས་གཞན་ཞིག་ནས་ཏང་ཡོན་དང་མགོ་ཁྲིད་ལས་བྱེད་པ་ཁ་ཤས་ཤིག་གི་དམིགས་འབེན་གྱི་འདུ་ཤེས་ཞན་པས།དམངས་ཁྲོད་ཀྱི་དཀའ་ཁག་མི་འདྲི་བ་དང་མང་ཚོགས་ཀྱི་བདེ་སྡུག་ལ་མི་བལྟ་བ།མང་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་མི་ཤེས་བ།མང་ཚོགས་ཀྱི་སེམས་ཁྲལ་དང་མང་ཚོགས་ཀྱི་རེ་འདུན་མི་ཤེས་པར།མང་ཚོགས་ལ་འབྲེལ་གཏུག་དང་སྐུལ་སྤེལ་བྱེད་པའི་ནུས་པ་ཇེ་གཉོམ་དུ་སོང་ཡོད།དེ་གཉིས་ཀ་མཉམ་དུ་འདུས་ན།ཏང་དང་མང་ཚོགས་ཀྱི་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཉམས་སད་ཚབས་ཆེན་ཞིག་ལ་ཐུག་ཡོད། 

དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་དང་སྤྱི་ཚོགས་ཀྱི་རྣམ་པ་སྒྱུར་བའི་དུས་སྐབས་སུ་ཇི་ལྟར་འཕྲད་ན།དེ་ལྟར་མང་ཚོགས་ཀྱི་ལྷག་བསམ་འགུག་དགོས་པ་དང་།དེ་ལྟར་མང་ཚོགས་ལམ་ཕྱོགས་ཞེས་པའི་སྲིད་སྐྱོང་བའི་སྲོག་རྩ་འདི་བརྟན་སྲུང་བྱ་དགོས།འགལ་ཟླ་དང་གནད་དོན་ལ་ཁ་གཏད་དེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཡང་ནས་བསྐྱར་དུ་མང་ཚོགས་ལ་བརྩེ་དུང་བཅིང་དགོས་པ་དང་།མི་དམངས་ལྟེ་གནས་སུ་འཇོག་དགོས་པ་ནན་སྟོན་མཛད་པར་ལག་ལེན་གྱི་དོན་སྙིང་དང་དངོས་ཡོད་ཀྱི་ཁ་གཏད་རང་བཞིན་ལྡན་པས།མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་ཐུབ་མིན་དེས་རང་རེའི་སྲིད་སྐྱོང་བའི་དད་སེམས་ལ་ཞིབ་བཤེར་དང་རང་རེའི་སྲིད་སྐྱོང་བའི་ནུས་པར་ཉམས་སད་ཐེག་བཞིན་ཡོད།

ད་ལྟ་ང་ཚོའི་ཏང་ཡོན་ལས་བྱེད་པ་ཚང་མའི་སྤུས་མཚག་ཇེ་མཐོར་སོང་ཡོད་པ་དང་།རིགས་ལམ་སྔར་ལས་ཡངས་ཤིང་ཤེས་བྱ་ཕུན་སུམ་ཚོགས་པ།འདུ་ཤེས་སྔོན་ཐོན་བཅས་ཡིན་པ་ཐེ་ཚོམ་སྤུ་ཙམ་ཡང་སྐྱེ་མི་དགོས་མོད།འོན་ཀྱང་བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་རབས་སུ་གནས་བ་དང་ཚོང་ཁྲོམ་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་སྐབས་སུ་འཚར་ལོངས་བྱུང་བའི་ང་ཚོའི་ཏང་ཡོན་ལས་བྱེད་པ་རྣམས་ལ་འཛམ་གླིང་གི་གནས་བབ་རྟོགས་པའི་མིག་རྒྱ་ལྡན་མོད།མང་ཚོགས་བར་གྱི་རང་བྱུང་འབྲེལ་གཏུག་ཇེ་ཞན་དུ་གྱུར།ད་ལྟ་ང་ཚོའི་དཔལ་འབྱོར་སྟོབས་ཤུགས་དང་ནོར་ཤུགས་ཇེ་དྲག་ཏུ་སོང་བ་དང་སྲིད་སྐྱོང་ཐོན་ཁུངས་ཁོང་དུ་ཆུད་པའི་ནུས་པ་ཇེ་མཐོར་སོང་ཡོད་པས།བཀོལ་སྤྱོད་བྱ་ཆོག་པའི་ལག་རྩལ་དང་བྱེད་ཐབས་ཀྱང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་མོད།འོན་ཀྱང་འདི་ནི་མང་ཚོགས་ལ་འབྲེལ་གཏུག་མི་བྱེད་པ་དང་མང་ཚོགས་ལ་བརྩེ་དུང་ཟབ་མོ་མི་བཅང་བའི་ཁ་གཡར་ས་བྱེད་མི་ཆོགབརྟག་དཔྱད་ཞིབ་འཇུག་བྱས་ཏེ་གནས་ཚུལ་ངོ་མ་ཤེས་པའི་ནུས་པ་ཡིན་ནའང་འདྲ་ལ།ཚན་རིག་དང་མཐུན་པའི་ཐབས་ཇུས་སམ་དམངས་གཙོ་ཐབས་ཇུས་ཀྱི་ནུས་པ་ཡིན་ནའང་འདྲ།གནད་དོན་ཐག་གཅོད་པ་དང་འགལ་ཟླ་ཞི་ལྷོད་དུ་གཏོང་བའི་ནུས་པ་ཡིན་ནའང་འདྲ་ལ།མང་ཚོགས་ལ་སྐུལ་མ་གཏོང་བ་དང་མང་ཚོགས་ལ་རྩ་འཛུགས་བྱེད་པའི་ནུས་པ་ཡིན་ནའང་འདྲ།འདི་དག་ཚང་མ་བྱ་བ་སྤེལ་བའི་གཞི་རྩའི་ནུས་པ་ཡིན་པས།ངེས་པར་མང་ཚོགས་ཀྱི་ཁྲོད་དུ་འགྲོ་བ་དང་མི་དམངས་དགེ་རྒན་ལ་བརྟེན་དགོས། 

དོན་དངོས་ཁྲོད་གནས་བའི་རྡོ་ལ་མེ་ཏོག་བཞད་དུ་བཅུག་པའི་སྡེ་དཔོན་ཝང་ཅ་ཡོན་དང་།ས་སྟོང་ལུང་སྟོང་གི་ལམ་ཐག་སྤྱི་ལེ་ཁྲི 40ལྷག་ལ་སོང་ནས་འཁོར་སྐྱོད་སྨན་བཅོས་བྱེད་པའི་ཀྲོང་ཧྲི་ཧྭ་སོགས་ཡོད་མོད།ཡིན་ནའང་མང་ཚོགས་ལ་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་ཡང་ཡོད་དེ།མིང་གྲགས་དང་ཁེ་ཕན་ལ་རྔམ་སྟེ་རྫུན་བཟོ་བྱེད་པའམ་རྣམ་པ་ཙམ་བཟོ་བ་དང་།ཡང་ན་རང་ཉིད་མཐོ་སར་བཞག་སྟེ་མང་ཚོགས་ལ་འབྲེལ་གཏུག་མི་བྱེད་པའི་དཔོན་ཉམས་རིང་ལུགས་བསྒྲུབས་པ།ཡང་ན་མིང་དང་ཁེ་ཕན་ལ་བསྙེགས་ཏེ་ཡར་རྒྱས་མི་བརྩོན་པ་དང་ལོངས་སྤྱོད་རིང་ལུགས་བསྒྲུབས་པ།ཡང་ན་རྒྱས་ཟ་རྒྱས་སྤྲས་བྱས་ཏེ་ཡོད་ཚད་ཆུད་ཟོས་སུ་གཏོང་བ་སོགས་ཀྱི་སྣང་ཚུལ་ལྟ་བུ།ཏང་ཡོན་ལས་བྱེད་པ་ཁ་ཤས་ཤིག་གི་བྱ་སྤྱོད་དེས་མང་ཚོགས་ལམ་ཕྱོགས་དང་ཁ་བྲལ་ཏེ་ཏང་གི་སྣང་བརྙན་ལ་གནོད་འཚེ་བཟོས་བ་དང་།མང་ཚོགས་དང་གཅིག་སེམས་གཅིག་འབྲེལ་བྱེད་པའི་སྒེའུ་ཁུང་བརྒྱབ།དེའི་རྐྱེན་གྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་ཏང་ཡོངས་སུ་དམངས་ཀྱི་ཆེད་དུ་དངོས་དོན་སྒྲུབ་པ་དང་དྭངས་གཙང་ཡོང་བ་ནང་དོན་གཙོ་བོ་ཡིན་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་ཏེ།ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བར་ཁག་ཐེག་ནན་ཏན་བྱ་རྒྱུ་བཀོད་སྒྲིག་བྱས།

སྤྱོད་ཚུལ་ལེགས་སྒྱུར་བྱས་པ་ནས་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བ་དང་།བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་ནས་དམངས་འཚོ་ཁེ་ཕན་སྐུལ་སློང་བྱེད་པར།ཀྲུང་དབྱང་གི་མགོ་ཁྲིད་ཚོགས་པ་སྐབས་གསར་བས་འགན་འཁྲི་ལག་ཏུ་བསྟར་བའི་ཚུན་དུ།མི་དམངས་སེམས་ལ་འཛིན་པའི་བསམ་པ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ་དང་ནམ་ཡང་མི་དམངས་སེམས་ལ་བཅིངས་བའི་འདོད་བློ་ཉིན་རེ་བཞིན་གསལ་བར་མངོན།ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་མི་འགྱང་བར་མགོ་རྩོམ་རྒྱུ་ཡིན་པས།འདི་ཡང་ཏང་གི་འབད་བརྩོན་དམིགས་འབེན་མངོན་འགྱུར་འབྱུང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ།ཏང་གི་རང་སྟེང་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་དགོས་ངེས་ཀྱི་གདམ་ག་ཡིན།མང་ཚོགས་ཀྱི་ལྟ་བ་སྲ་བརྟན་དང་མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།མི་དམངས་དང་གཅིག་སེམས་གཅིག་འབྲེལ་བྱ་དགོས་པ་དང་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་།མི་དམངས་དང་མཐུན་སྒྲིལ་འབད་བརྩོན་བཅས་བྱས་ན།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་རྒྱལ་ཁབ་ལོན་པའི་རེ་བ་ཆེན་པོ་ཡོད་ལ།ཀྲུང་གོའི་འདུན་མ་མངོན་དུ་བསྒྱུར་བའི་མདུན་ལྗོངས་ཡག་པོ་ཞིག་ཡོད་ཁོ་ཐག་ཡིན།

 ཡིག་སྒྱུར་བ། ཆོས་ལོ།

 

 

 
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། རྒྱལ་ཡོངས་སྲིད་གྲོས་སྐབས་ 2019/3/18
· ༄༅།། རྒྱལ་ཡོངས་སྲིད་གྲོས་སྐབས་ 2019/3/18
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། མགོ་ལོག་ཁུལ་གྱིས་ནུས་ཤུགས 2019/3/4

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།