ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> ཏང་གི་མང་ཚོགས་ལམ་ཕྱོགས།
༄༅།།ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།
འབྱུང་ཁུངས།: 2012/8/14 15:55:02
 

༄༅།།ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

    ཟླ6པའི་ཚེས 21ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཧའོ་ཕིན་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅུན།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་རྡོ་རྗེ་རབ་བརྟན་དང་ཝང་ལིན་ཅུན།  བསྟན་ཁོ་སོགས་གྲོས་ཚོགས་སུ་ཞུགས། 

   གྲོས་ཚོགས་སྟེང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།  རང་ཞིང་གིས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་འཆར་རགས་རིམ་སྐོར་གྱི་ཡར་ཞུ་ལ་ཉན་པ།  རང་ཞིང་གིས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་ལག་བསྟར་འཆར་གཞི་དང་།  མགོ་ཁྲིད་ཚན་ཆུང་།  བྱ་བའི་སྒྲིག་ལམ་སོགས་དོན་ཚན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ཏེ།  ཉེ་སྐབས་སུ་མྱུར་དུ་ལེགས་སྒྲུབ་བྱ་དགོས་པའི་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས།

   གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  བསམ་བློ་དང་བྱ་སྤྱོད་དེ་དངོས་གནས་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱའི་ཐད་གཅིག་གྱུར་བྱས་ཏེ།  སྤྱོད་ཚུལ་དག་ཐེར་བྱེད་པའི་སྙིང་སྟོབས་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་རང་ཞིང་གི་སློབ་གསོའི་ལག་ལེན་བྱ་འགུལ་དམ་འཛིན་བྱ་དགོས་པ་དང་།  མཚོ་སྔོན་གྱི་དོན་དངོས་དང་དམ་པོར་སྦྲེལ་བ་དང་སྤྱོད་ཚུལ་འཛུགས་སྐྲུན་གཙིགས་སུ་བཟུང་སྟེ།  ནུས་ཤུགས་ཡོད་རྒུས་འབུར་ཐོན་གནད་དོན་ཐག་གཅོད་པ་དང་།  བློ་ཐག་རྦད་ཆོད་ཀྱིས་རྣམ་པ་ཙམ་དང་བཟོ་ལྟ་ཙམ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱས་ནས་སློབ་གསོའི་ལག་ལེན་བྱ་འགུལ་ཐད་ཕན་འབྲས་བཟང་བོ་ལེན་པར་འབད་བརྩོན་བྱ་དགོས། 

 ཡིག་སྒྱུར་བ། ཆོས་ལོ།

 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གི་ཚན་ཁག་ཆེན་པོ་བཞིའི 2019/9/2

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།